ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ་འཛུགས་སྐྲུན་ལེགས་འགྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརྙན་རིས་ཅན་གྱི་སྲིད་གཉེར་ཚོམས་ཆེན་དངོས་སུ་སྤྱོད་འགོ་བརྩམས།
རྒྱུས་ལོན་པ་ལྟར་ན། སྲིད་གཉེར་ཞབས་ཞུ་སྔར་ལས་སྟབས་བདེ་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཁྱད་པར་མེད་ལ་ཆ་སྙོམས་ཅན་གྱི་སྲིད་གཉེར་ཞབས་ཞུ་མཁོ་འདོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཞི་གཅིག་ཅན་གྱི་སྲིད་གཉེར་ཞབས་ཞུ་སྟེགས་བུའི་བྱེད་ནུས་ཤུགས་དྲག་ཏུ་གཏོང་བ་དང་། ཡུལ་དངོས་ཚོམས་ཆེན་དང་དྲ་སྟེང་ཚོམས་ཆེན་གྱི་བྱེད་ནུས་ཕན་ཚུན་ཁ་གསབ་བྱེད་པ། དྲ་རྒྱ་དང་སྲིད་གཉེར་ཞབས་ཞུ་མཉམ་འདྲེས་ཀྱི་ཞབས་ཞུ་རྣམ་པ་ཆགས་སུ་འཇུག་ཆེེད། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྲོང་ཁྱེར་སྡོད་དམངས་ཞབས་ཞུ་ལྟེ་གནས་ཀྱིས་མཁར་ཤར་ཁུལ་མི་དམངས་སྲིད་གཞུང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་སྐད་འཕྲིན་སྟེགས་བུའི་རྨང་གཞི་སྟེང་། སྲིད་དོན་ཞབས་ཞུ་ཚོམས་ཆེན་གསར་སྐྲུན་བྱས། བརྙན་རིས་ཅན་གྱི་ཞབས་ཞུ་ཚོམས་ཆེན་གྱིས་རྟོག་བཟོ་དང་དངོས་ཡོད་ཀྱི་ལག་རྩལ་གསར་བར་བརྟེན་ནས། ལས་སྒྲུབ་ཚོམས་ཆེན་དུ་བརྙན་རིས་ཅན་གྱི་ཕྱོགས་སྟོན་བྱེད་པ་བརྒྱུད། དྲ་རྒྱའི་ལག་རྩལ་དེ་ཉིན་རྒྱུན་གྱི་ལས་གཉེར་ལ་སྦྲེལ་མཐུད་བྱས་ཏེ། ནུས་ལྡན་དང་གནད་འཁེལ་གྱི་སྣེ་ཁྲིད་མངོན་འགྱུར་བྱུང་ཡོད་པས། མཚོ་སྔོན་གྱི་སྲིད་གཉེར་ཞབས་ཞུའི་ཁྱད་ཆོས་གསར་བ་ཞིག་ཏུ་གྱུར་ཡོད།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརྙན་རིས་ཅན་གྱི་སྲིད་གཉེར་ཚོམས་ཆེན་དངོས་སུ་སྤྱོད་འགོ་བརྩམས།