ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས་15ཉིན་ཐེམ་ཆེན་རྫོང་དང་། ཝུའུ་ལན་རྫོང་། མང་ཨའེ་གྲོང་ཁྱེར་བཅས་ཀྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོ་སོར་སྒོ་བྱང་བཀལ་ནས་བཙུགས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ཁྱབ་ཁོངས་ནང་ཚུད་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས6ཡོངས་སུ་བཙུགས།
རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་གཞི་རིམ་གྱི་དྲིལ་བསྒྲགས་རིག་གནས་གཡུལ་ས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ་དང་། རྫོང་རིམ་པའི་སྨྱན་སྦྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བཟོ་འགོད་ཞིག་ཀྱང་ཡིན། ཐེམ་ཆེན་རྫོང་དང་ཝུའུ་ལན་རྫོང་། མང་ཨའེ་གྲོང་ཁྱེར་བཅས་ཀྱི་གསར་དུ་བཙུགས་མ་ཐག་པའི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས3གྱིས་རྫོང་རིམ་པའི་སྨྱན་སྦྱོར་ཐོན་ཁུངས་ལེགས་སྒྲིག་བྱས་པ་བརྒྱུད། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ཁྱབ་སྤེལ་སྟོབས་ཤུགས་ཇེ་ཆེར་བཏང་ཞིང་། “ཐེངས་གཅིག་ལ་འཚོལ་བསྡུ་དང་སྣ་མང་འགྲུབ་པ། ཐབས་ལམ་སྣ་མང་ནས་བརྒྱུད་སྤེལ་བྱེད་པའི”མཉམ་འདྲེས་སྨྱན་སྦྱོར་བཅར་འདྲི་རྩོམ་སྒྲིག་གི་བརྒྱུད་རིམ་བཙུགས་ནས་སྔར་ལས་ལྷག་པར་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཆེ་རུ་བཏང་སྟེ། ཏང་གི་སྐད་ངག་འཕྲལ་དུ་མི་སེར་དཀྱུས་མའི་ཁྱིམ་དུ་ཐོན་ཐུབ་པ་བྱས་ཡོད་པས། གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་བྱེད་ནུས། ཤུགས་རྐྱེན་ཐེབས་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་རྒྱུན་མི་ཆད་པར་མཐོར་འདེགས་སུ་བཏང་ཡོད། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་ནུབ་ཁུལ་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་པ།