མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཤིག་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དགེ་མཚན་ལྡན་པའི་ས་ཁུལ་དུ་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ལས་ཞིང་སྡེ་པུའུ་སོགས་པུའུ་ཨུ7ཡིས་རྒྱལ་ཡོངས་ཀྱི་ས་ཁུལ79ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དགེ་མཚན་ལྡན་པའི་ས་ཁུལ་དུ་བདམས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁའི་ལུག་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དགེ་མཚན་ས་ཁུལ་དུ་བདམས་པ་དང་། དེར་བརྟེན། མཚོ་སྔོན་གྱི་ས་ཁུལ5ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དགེ་མཚན་ས་ཁུལ་དུ་གཏན་འཁེལ་བྱས་ཟིན། 

ཁྱད་ལྡན་ཞིང་ལས་ཐོན་རྫས་དགེ་མཚན་ས་ཁུལ་ནི་ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་རྫས་ཀྱི་སྤུས་ཚད་ལེགས་པ། ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་ཐོན་ལས་ཀྱི་རྨང་གཞི་ལེགས་པ་དང་ལྟོས་བཅས་ཀྱི་འཐུས་ཚང་ཡིན་པའི་ཐོན་ལས་སྦྲེལ་མཐུད་ཡོད་པ། ཞིང་བའི་སྣེ་ཁྲིད་དེ་ཡོང་སྒོ་འཕར་སྣོན་གྱི་ནུས་པ་ཆེ་བའི་ཁྱད་ལྡན་ཞིང་ལས་ཐོན་ལས་གཅིག་འདུས་ཁུལ་ལ་ཟེར་ཞིང་། ཁྱད་ལྡན་ཞིང་ལས་ཐོན་རྫས་དགེ་མཚན་ས་ཁུལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དང་། ཞིང་ལས་བཙོག་མེད་འཕེལ་རྒྱས་ལ་སྐུལ་འདེད། སྲོལ་རྒྱུན་ཞིང་ལས་ས་ཁུལ་དང་དབུལ་ཕོངས་ས་ཁུལ་དབུལ་ཐར་འབྱོར་ཕྱུག་ལ་སྣེ་ཁྲིད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཁེ་ཕན་དང་འགྲན་རྩོད་ནུས་ཤུགས་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།