རྡོ་རྗེ་རབ་བརྟན་གྱིས་དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་འཚམས་འདྲི་རྟོག་ཞིབ་སྐབས་གསུང་བཤད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12ཚེས་16ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་དམངས་གཙོ་ཏང་ཤོག་ཁག་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ལ་འཚམས་འདྲིར་ཕེབས་ཏེ་ལས་བྱེད་ལས་བཟོ་བར་གཟིགས་སྐྱོང་གནང་། དམངས་གཙོའི་ཏང་ཤོག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱེད་པར་རྒྱབ་སྐྱོར་དང་། མཚོ་སྔོན་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་”འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་དམིགས་ནས་བཞུགས་མོལ་བགྲོ་གླེང་མཛད།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིག་ཐུང་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཡན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏེ་ཀྲི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཆི། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པའམ་ཞིང་བཟོ་ཏང་ཀྲུང་དབྱང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ཀྲོའུ་ཕིང་། ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཧྭ་བཅས་ཀྱིས་གཙོ་གནད་གཏམ་བཤད་གནང་།

རྡོ་རྗེ་རབ་བརྟན་གྱིས་དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གྲོས་སྟེགས་བུའི་ཐོག་འགན་འཁྲི་བསྒྲུབས་པའི་ཕན་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་།

རྡོ་རྗེ་རབ་བརྟན་གྱིས་ནན་གསུང་གནང་དོན། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཞིག་ཡིན་པའི་ངོས་ནས་དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ས་གནས་བཅོས་སྐྱོང་ནང་ཞུགས་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། མཉམ་ལས་མཉམ་སྒྲུབ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ཁྲོད་ཀྱི་དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྔོན་གྱི“ལོ་ལྔ་ཚན་བཅུ་བཞི་པའི་”སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་མཉམ་ཤུགས་གཅིག་སྒྲིལ་དང་སྒུལ་ཤུགས་སྣོན་དགོས། མཉམ་ལས་མཉམ་སྒྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འདིང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཤོག་ཁག་གི་ཁོངས་མི་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣར་ཁྲིད་སྟོན་ཧུར་ཐག་བྱས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། ལས་དོན་མཉམ་སྒྲུབ་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་བསྒྱུར་བཅོས་དང་གོང་སྤེལ། བརྟན་ལྷིང་བཅས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་ནས་སྲིད་གྲོས་ཀྱི་ལས་སྟེགས་ཀྱི་ནུས་པར་བརྟེན་གང་ཐུབ་བྱས་ཏེ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ཡག་པོ་བྱེད་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོའི་ཏང་ཤོག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་མཐུན་སྦྱོར་འབྲེལ་གཏུག་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྔར་ལས་ལྷག་པར་བསམ་ཕྱོགས་གསར་གཏོད་དང་། ལམ་ལུགས་འཐུས་ཚང་། ལས་སྟེགས་སྐྲུན་པ་བཅས་བྱས་ཏེ། དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་། འགན་འཁྲི་སྒྲུབ་པར་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་གསུངས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།