ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲང་ངར་ཆེ་བའི་དགུན་དུས་སུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མུ་རི་གྲོང་རྡལ་གྱི་མཚན་མོའི་གནམ་གཤིས་དྲོད་ཚད་ཀླད་ཀོར་མན་གྱི་ཧྲེ་ཧྲི་ཏུའུ་ཉི་ཤུ་ལྷག་ཙམ་ལ་སླེབས་པ་དང་། ཀྲུང་གོ་འགྲིམ་འགྲུལ་སྤྱི་ཁྱབ་ཅུའུ་གཉིས་པའི་ཀུང་སི་བཞི་པས་སྐྲུན་འགན་འཁུར་བའི་ཕན་ཏ་གཞུང་ལམ་བསྐྱར་སྐྲུན་མཚམས་པ་གཉིས་པའི་མདོ་ལུང་ཕུག་ལམ་ནང་ད་དུང་གློག་འོད་འཚེར་བའི་འོག་འཛུགས་སྐྲུན་ལས་ལ་བྲེལ་བཞིན་ཡོད།
ཕན་ཏ་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་དེ་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་དབུལ་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས་མཚོ་བྱང་ཁུལ་གྱི་རྫོང་ཁག་དང་སྦྲེལ་མཐུད་བྱེད་པའི་གཞུང་ལམ་གལ་ཆེན་ཞིག་ཡིན་ལ། གཞུང་ལམ་དེ་བསྐྲུན་རྗེས་རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བ་དང་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་དྲ་བའི་གྲུབ་ཚུལ་འཐུས་ཚང་དུ་འགྲོ་རྒྱུ་དང་། གཞུང་ལམ་གྱི་གནས་ཚུལ་ཇེ་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པ། ས་གནས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀྱང་ནུས་པ་གལ་ཆེན་ཐོན་ཐུབ། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
མཚོ་སྔོན་མདོ་ལུང་ཕུག་ལམ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།