ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས7ཉིན་གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་ནང་ཆེན་རྫོང་གིས་དབུལ་པོ་བསྐྱར་ལོག་གི་གནད་དོན་ཐག་གཅོད་བྱེད་ཆེད། “སློབ་གསོ་གསོ་སྦྱོང་དང་། དམངས་ཕན་སྲིད་ཇུས། དཔེ་མཚོན་འདེམས་སྐྱོང་”བཅས་དམ་འཛིན་བྱ་གཞིར་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་། ཧུར་བརྩོན་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་དང་། མང་ཚོགས་ཀྱི་རང་བརྟེན་དབུལ་སྒྲོལ་ནུས་པ་ཆེ་རུ་བཏང་སྟེ“བསམ་པའི་དབུལ་ཐར”ནི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྩ་གནད་དུ་བཟུང་།
རོང་འབྲོག་ཁུལ་གྱི་ཏང་ཡོན་དཔྱིད་དགུན་རེས་མོས་ཀྱི་གསོ་སྦྱོང་ལ་ཞུགས་པར་ཤུགས་བསྣན། 《གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དམ་འཛིན་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བ》སོགས་ཆེད་དོན་འཆད་ཁྲིད་ཀྱིས་རོང་འབྲོག་ཁུལ་གྱི་ཏང་ཡོན་ལ་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བར་རོགས་རམ་བྱས་ནས། ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་། མིག་སྔའི་བར་རོང་འབྲོག་པའི་ཏང་ཡོན་དཔྱིད་དགུན་རེས་མོས་གསོ་སྦྱོང་དུ་ཞུགས་པའི་མི་གྲངས1380ཟིན་ཡོད། རོང་འབྲོག་མང་ཚོགས་ལ་ཆེད་ལས་ཅན་གྱི་གསོ་སྦྱོང་སྤེལ་ཏེ། སྐྲ་བཞར་དང་འཚེམ་བཟོ། གཡོས་སྦྱོར། ལག་ཤེས་བཟོ་རྩལ་སོགས་ཀྱི་གསོ་སྦྱོང་བྱས་ནས་རོང་འབྲོག་པའི་ངལ་རྩོལ་ནུས་རྩལ་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་བས། “མི་གཅིག་ལ་གསོ་སྦྱོང་བྱས་ནས། མི་གཅིག་ལས་ཞུགས་ཐུབ་པ་དང་། དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།
ནང་ཆེན་རྫོང་གིས་ད་དུང་སྦྲ་གུར་སྒྲོག་འགྲེལ་ཁང་དང་། འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག ཁྲོམ་གཞུང་གི་སློབ་ཁང་ཆེན་མོ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། གཞི་རིམ་གྲོང་ཚོ་དང་སྡེ་ཁུལ། ཞིང་ཁར་བསྐྱོད་དེ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་ཐེངས79དང་། བོད་ཡིག་གི“སྲིད་ཇུས་གསལ་འགྲེལ་བྱང་བུ”5000སྤྲད་ནས་མང་ཚོགས་ཀྱིས་སྲིད་ཇུས་ལ་རྒྱུས་མངའ་ཡོད་པར་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་དང་སྐྱིད་སྣང་ཆེ་རུ་བཏང་། “རིག་གནས་གྲོང་གསེབ་དང་གྲོང་རྡལ་”དང་“སྐར་ལྔའི་རིམ་པའི་དཔལ་ཡོན་དུད་ཁྱིམ་”སོགས་གསར་གཏོད་དཔྱད་བསྡུར་བྱེད་སྒོ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་བས། མིག་སྔའི་བར། ནང་ཆེན་རྫོང་དུ་ཁྱོན་“སྐར་ལྔའི་རིམ་པའི་ཤེས་དཔལ་དུད་ཚང་”10345ཡོད་ལ། དཔེ་མཚོན་བདམས་ཐོན་བྱུང་མཁན་ལ་ཞིང་ལས་དངུལ་ཁང་དང་སྦྲག་སྲིད་གསོག་འཇོག་དངུལ་ཁང་སོགས་ཀྱི་ལས་ཁུངས་སུ་ལྗང་མདོག་བགྲོད་ལམ་བཏོད་ནས། གཏའ་མ་མེད་པ་དང་སྐྱེད་ཀ་དམའ་བའི་ཡིད་རྟོན་དངུལ་བུན་བཏང་བས་རྒྱ་ཆེའི་མང་ཚོགས་ལ་ཧུར་བརྩོན་དང་སྤྲོ་སྣང་དང་རང་ཚུགས་རང་འབད་ཀྱི་བསམ་པའི་གཤིས་རྒྱུད་འཛུགས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ནང་ཆེན་རྫོང་གིས“བསམ་པའི་དབུལ་ཐར”ནི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྩ་གནད་དུ་བཟུང་།