མཚོ་སྔོན་པོར་ཙོང་ཉ་འདུས་ཚད་ཏུན་ཁྲི10ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཀྲུང་གོའི་ཆུ་ཐོན་དངོས་རྫས་ཚན་རིག་ཞིབ་འཇུག་ཁང་འབྲི་ཆུའི་ཆུ་ཐོན་དངོས་རྫས་ཞིབ་འཇུག་སུའོ་ཡིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། མཚོ་སྔོན་པོར་ཙོང་ཉ་འདུས་ཚད་ཏུན་ཁྲི་10.04ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་0.74འཕར་ནས་འཕར་ཚད་7.9%ཟིན་པ་དང་། སྲུང་སྐྱོང་གི་ཐོག་མའི་དུས་རིམ་དང་བསྡུར་ཚེ་ལྡབ་38འཕར་ཡོད་པ་རེད།

མཚོ་སྔོན་པོའི་ཙོང་ཉ་ནི་མཚོ་སྔོན་པོ་ཁོ་ནར་ཡོད་པའི་རྩ་ཆེའི་ཉ་རིགས་ཡིན་པ་དང་། མཚོ་སྔོན་པོ་རྒྱུག་ཁུལ་གྱི“ཆུ་ཉ་བྱ”ཡི་སྣོད་བཅུད་འཁོར་སྦྲེལ་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད། 2004ལོར་ཉ་རིགས་དེ《ཀྲུང་གོའི་ཉ་རིགས་ཀྱི་མིང་གཞུང་དམར་པོའི》ནང་སྟོངས་ལ་ཉེ་བའི་ཉ་རིགས་ཀྱི་ཁོངས་སུ་བཅུག་ཡོད། ཙོང་ཉར་སྲུང་སྐྱོང་བྱ་ཆེད། དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་མཚོ་སྔོན་པོར“མཚོ་བཀག་ཉ་གསོ”ཐེངས་མང་བྱས་པ་དང་ཁྲིམས་འགལ་ངང་ཉ་འཛིན་གསོད་བྱེད་མཁན་ལ་རྡུང་རྡེག་ཤུགས་ཆེན་བཏང་བ་དང་སྦྲགས་མཚོ་སྔོན་པོར་རྒྱུག་པའི་ཆུ་བོ་གཙོ་བོའི་ཆུ་ལམ་དུ“ཉ་ལམ”བཟོས་པ་མ་ཟད། ད་དུང་མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་བྱེད་པའི་ཚོད་ལྟ་ཁང་དང་ཉ་ཕྲུག་གསོ་ཁང་བསྐྲུན་ཏེ་ཙོང་ཉའི་རིཌ་ཀྱི་གྲངས་ཚད་སླར་གསོར་རྒྱབ་སྐྱོར་ཤུཌ་ཆེན་བྱས་ཡོད་པ་རེད།

ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་གསལ། ཉེ་དུས་མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱུང་ནས་འདམ་རའི་རྒྱ་ཁྱོན་མུ་མཐུད་ཆེ་རུ་འགྲོ་བ་དང་། ཆུ་བོ་དྭངས་གཙང་དུ་འགྱུར་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཆུ་སྐྱེས་སྐྱེ་དངོས་གྲངས་འབོར་དུས་མཚུངས་སུ་མང་དུ་འགྲོ་བ་བཅས་དང་མཚོ་སྔོན་པོའི་ཙོང་ཉའི་རིགས་ཀྱང་སླར་གསོའི་དུས་སུ་སླེབས་ནས“ཉར་གཞིགས་ཏེ་ཆུ་དྭངས་དུ་གཏོང་བ་དང་། ཉར་གཞིགས་ཏེ་ཆུ་གསོ་བ། ཉར་གཞིགས་ཏེ་ཆུ་སྔོ་འགོག་པ། ཉར་གཞིགས་ཏེ་རྩྭ་འགོག་པ”བཅས་ཀྱི་ཚེ་སྲོག་གི་ལས་དབང་གཅིག་མཐུན་འདུས་གྲུབ་རགས་ཙམ་ཆགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།