མཚོ་སྔོན་ཞིང་ཆེན་གྱི་དཔེ་དེབ《མཚོ་བོད་ལམ་ཐིག》ཞེས་པ་དངོས་ཡོད་བརྗོད་དོན་གྱི་ཕུལ་བྱུང་རྩོམ་རིག་པར་སྐྲུན་བཟོ་སྐྲུན་ཁྲོད་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། རྒྱལ་ཁབ་གསར་འགྱུར་པར་སྐྲུན་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི2020ལོའི་ཕུལ་བྱུང་དངོས་ཡོད་བརྗོད་དོན་གྱི་རྩོམ་རིག་པར་སྐྲུན་བཟོ་སྐྲུན་ཁྲོད་བདམས་པའི་བརྩམས་ཆོས་ནང་། མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུའུ་ཡིས་འོས་སྦྱོར་དང་མཚོ་སྔོན་མི་དམངས་པར་སྐྲུན་ཁང་གིས་འཆར་འགོད་པར་སྐྲུན་བྱས་པའི་སྙན་ཞུ་རྩོམ་རིག《མཚོ་བོད་ལམ་ཐིག》ཞེས་པ་ཚུད་ཡོད་པ་རེད།

2020ལོའི་ཕུལ་བྱུང་དངོས་ཡོད་བརྗོད་དོན་གྱི་རྩོམ་རིག་པར་སྐྲུན་བཟོ་སྐྲུན་ནི་རྒྱལ་ཁབ་གསར་འགྱུར་པར་སྐྲུན་ཧྲུའུ་ཡིས་རྩ་འཛུགས་ལག་བསྟར་བྱས་ཤིང་། དམིགས་ཡུལ་ནི་ཕུལ་བྱུང་བརྩམས་ཆོས་ཀྱི་སྣེ་ཁྲིད་དཔེ་སྟོན་གྱི་བྱེད་ནུས་འདོན་སྤེལ་གྱིས། བརྩམས་ཆོས་ལེགས་ཤོས་མང་དུ་བཏོན་ནས། མི་དམངས་མང་ཚོགས་ལ་བསམ་བློའི་རྒྱགས་ཕྱེ་མཁོ་འདོན་བྱེད་པ་དེ་ཡིན་ལ། རྒྱལ་ཡོངས་སུ་ཁྱོན་བསྡོམས་པར་སྐྲུན་ལས་ཁུངས273གྱིས་རེ་ཞུ་བརྩམས་ཆོས་རིགས619ཡོད། ཆེད་མཁས་པས་དཔྱད་ཞིབ་ཐེངས་མང་བྱས་མཐར། རྒྱལ་ཡོངས་ཀྱི་པར་སྐྲུན་ཁང15ཡིས་པར་སྐྲུན་བྱས་པའི་བརྩམས་ཆོས་རིགས15བདམས་ཐོན་བྱུང་། བདམས་ཐོན་བྱུང་བའི་བརྩམས་ཆོས་ཀྱིས་བརྗོད་དོན་ལ་ཁ་ཕྱོགས་ནས་མཐོང་སྣེ་མི་འདྲ་བའི་སྒོ་ནས་དུས་རབས་ཀྱི་བརྗོད་དོན་དང་སྤྱི་ཚོགས་ཀྱི་རྣམ་པ་གཉིས་མངོན་ཞིང་། དེང་སྐབས་ཀྱི་རྩོམ་རིག་པར་སྐྲུན་གྱི་ཆུ་ཚད་མཐོ་ཤོས་མངོན་པར་མཚོན་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།