ཡུས་ཧྲུའུ་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་བས་མང་ཚོགས་ལ་སྐྱིད་སྣང་བསྩལ།

ཀྲུང་གོ་བོོད་ཀྱི་དྲ་བའི་འཕྲིན། ཟླ12པར་ཡུས་ཧྲུའུ་ཡི་ནམ་ཟླའི་དྲོད་ཚད་བསྟུད་མར་མར་ཆགས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཁྱུང་ལུང་མཁར་སྡེར་སྡོད་པའི་ཚེ་རིང་དོན་གྲུབ་ཁྱིམ་གྱི་དྲོད་རླངས་ཀྱང་ཆད་སོང་། འོན་ཀྱང་། ཁོ་རང་བྲེལ་འཚུབ་ལངས་ཀྱིན་མེད་པར་ཁ་པར་བླངས་ནས་རིག་ནུས་ཏང་འཛུགསAppཁ་ཕྱེས་ནས་ཞིག་གསོའི་ཞབས་ཞུ་དུས་བཅད་བྱས། ཉིན་གཉིས་པའི་སྔ་མོར། དང་བླངས་པ་ཁོ་ཚང་དུ་ཡོང་ནས་རིན་མེད་ངང་དྲོད་རླངས་ཞིག་གསོ་བྱས། ད་ལོའི་རིང་ལ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་གྲོང་ཁྱེར་རིག་ནུས་གྲོང་ཁྱེར་དོ་དམ་ལྟེ་གནས་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་། གྲོང་ཁྱེར་གྱི་ཏང་འཛུགས་མཉམ་འབྲེལ་དེ་གཞོགས་འདེགས་སུ་བྱེད་པ། རིག་ནུས་ཏང་འཛུགས་དོ་དམ་སྟེགས་བུ་ནི་རྒྱ་བསྐྱེད་སར་བྱེད་པ། རིག་ནུས་ཀྱི་གཞིས་ཁུལ་ཞབས་ཞུ་དེ་མཐའ་མའི་དམིགས་ཡུལ་དུ་བཟུང་བའི་གྲོང་ཁྱེར་གཞི་རིམ་བཅོས་སྐྱོང་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པ་དེས་མང་ཚོགས་ཀྱི་སྐྱིད་སྣང་མུ་མཐུད་དུ་ཇེ་མཐོར་བཏང་།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་རིག་ནུས་ཏང་འཛུགས་དེ་རིག་ནུས་གྲོང་ཁྱེར་འཁོར་རྒྱུག་དོ་དམ་མ་ལག་ཁྲོད་བླངས་ནས། ཡུལ་དངོས་དང་དྲ་ལམ་གྱི་རྣམ་པས། ཏང་ཡོན་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་དྲ་རྒྱའི་ཁྲོད་བཞག་སྟེ། དྲ་གཅིག་མི་མང་གི་རྣམ་པས་དམངས་ཀྱི་འདོད་བློའི་བརྡ་འཕྲིན་བསྡུ་ལེན་མི་སྣ་དང་དམངས་ཚིས་ལས་སྒྲུབ་མི་སྣ། གཞི་རིམ་བཅོས་སྐྱོང་དྲ་རྒྱའི་དོ་དམ་པ། སྲིད་ཇུས་ཁྲིམས་སྲོལ་དྲིལ་སྒྲོག་པ། འགལ་བ་འདུམ་འགྲིག་པ་བཅས་སུ་འགྱུར་བར་བྱས་ཏེ། མང་ཚོགས་ཀྱི་ལས་དོན་ཐག་གཅོད་ཡག་པོ་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།