མཚོ་སྔོན་ཞིང་ཆེན་གྱིས་རྟེན་འབྲེལ་མཛད་སྒོ་གཙང་སེལ་དང་ཚད་ལྡན་གཏོང་བའི་དཔྱད་གླེང་ཚོགས་འདུ་དང་གླེང་སྟེགས་བྱེད་སྒོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱིས་རྟེན་འབྲེལ་མཛད་སྒོ་གཙང་སེལ་དང་ཚད་ལྡན་གཏོང་བའི་དཔྱད་གླེང་ཚོགས་འདུ་དང་གླེང་སྟེགས་བྱེད་སྒོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས་ནས། ཉེ་བའི་ལོ་ཤས་རིང་གི་ཞིང་ཆེན་ཡོངས་ཀྱི་དུས་སྟོན་དང་འགྲེམས་ཚོགས་དོ་དམ་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན། འབྲེལ་ཡོད་དུས་སྟོན་དང་གླེང་སྟེགས་ཀྱི་ཇུས་གཞིར་གྲོས་ཞིབ་དང་། མིག་སྔའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་ཚོགས་འདུར་འགོ་འཛིན་མཛད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲོན་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་སྟེང་རྟེན་འབྲེལ་མཛད་སྒོ་གཙང་སེལ་དང་ཚད་ལྡན་གཏོང་བའི་དཔྱད་གླེང་ཚོགས་འདུ་དང་གླེང་སྟེགས་བྱེད་སྒོ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་སྐོར་གཟིགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། དུས་སྟོན་དང་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ཚོགས་འདུའི་དོ་དམ་བྱ་བའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ནས་དུས་ཆེན་དང་འགྲེམས་སྟོན་གཉེར་བར་ལྟ་སྟངས་འཛིན་པ། དུས་ཆེན་དང་འགྲེམས་སྟོན་གཉེར་བ་དེ་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ལམ་ལ་བརྩི་སྲུང་ཞུ་བའི་མཐོ་ཚད་ནས་གཅུན་སྡོམ་བྱེད་དགོས། “འདུ་ཤེས་བཞི་”ཇེ་བརྟན་དུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བཅས་བྱས་ནས། དུས་རབས་གསར་པར་གཞི་ཚུགས་པ་དང་ལས་འགན་གསར་པར་དམིགས་ཏེ་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་དོ་དམ་ལས་དོན་ནན་གྱིས་དམ་འཛིན་བྱེད་དགོས་པར་བསྟན། 

ཚོགས་འདུའི་སྟེང་ཏང་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་ཆེན་དང་འགྲེམས་སྟོན་གཉེར་བར་དོ་དམ་ཚོད་འཛིན་ནན་མོ་བྱས་ནས་རེ་ཞུ་དང་ཆོག་མཆན་ཞུ་བ་སོགས་ཀྱི་བྱ་བའི་གོ་རིམ་ཚད་ལྡན་དུ་གཏོང་བ། ནང་དོན་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ། བདེ་འཇགས་ལས་དོན་ལ་མཐོང་ཆེན་བྱེད་པ། གྲོན་ཆུང་བསྲི་ཚགས་ཀྱིས་འགྲེམས་སྟོན་གཉེར་བ་བཅས་བྱེད་དགོས། འདུ་ཤེས་དང་བྱེད་ཐབས་གསར་བ་བཏོན་ནས་དུས་ཆེན་འགྲེམས་ཚོགས་ཀྱི་དོ་དམ་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་ལ་སྐུལ་འདེད་གཏོང་བ། མི་དམངས་ལ་ཕན་ཁེ་བསྐྲུན་པ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ནན་ཏན་གྱིས་འདོན་སྤེལ་བྱེད་དགོས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་དུས་ཆེན་གཉེར་བ་དང་། དུས་ཆེན་གཉེར་བར་འཇོན་ཐང་གསར་པ་སྦྱིན་ནས་མཚོ་སྔོན་གྱི་གནས་ཡོད་ཚོར་སྣང་དང་། ཤུགས་རྐྱེན་ཐེབས་ཤུགས། ཡིད་དབང་འགུག་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།