མཚོ་ལྷོ་ཁུལ་གླུ་གར་རོལ་མོའི་ཟློས་གར《ཁྱེད་དང་འཕྲད་པ་ནི་ངའི་ལས་དབང་ཡིན》ཞེས་པ་དངོས་སུ་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་རོགས་རེས་དང་ལག་རྡང་མཉམ་སྦྲེལ་གྱིས་མཛེས་སྡུག་གི་ཁྱིམ་གཞི་མཉམ་སྐྲུན་དང་། མི་རིགས་མཐུན་སྒྲིལ་དང་དབུལ་ཐར་མཁྲེགས་གཏོར། ཞིང་སྡེ་དར་རྒྱས་འཐབ་ཇུས། སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་སོགས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་མངོན་པར་མཚོན་ཆེད། ཟླ12པའི་ཚེས15ཉིན། མི་རིགས་དང་དུས་རབས་ཀྱི་གདངས་དབྱངས་མཚོན་ནུས་པའི་མི་རིགས་གླུ་གར་ཟློས་གར་གྱི་གར་སྟེགས་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས། གླུ་གར་རོལ་མོའི་ཟློས་གར《ཁྱེད་དང་འཕྲད་པ་ནི་ངའི་ལས་དབང་ཡིན》ཞེས་པ་ཟི་ལིང་ནས་དངོས་སུ་ཁྱབ་བསྒྲགས་བྱས། 

ཟློས་གར་དེས་བརྗོད་དོན་གཅིག་དང་། གཙོ་གནད་གཉིས་ཀྱི་འབུར་ཐོན་སྒྲིག་བཟོའི་བླང་བྱ་ལག་བསྟར་བྱས་ཡོད། བརྗོད་དོན་གཅིག་ཞེས་པའམ་ཁ་གཏད་རོགས་སྐྱོར་གྱི་བརྗོད་སྙིང་དེས། མཚོ་ལྷོ་ཁུལ་དུ་བྱུང་བའི་འགྱུར་ལྡོག་མངོན་ཞིང་། སྒྱུ་རྩལ་གྱི་སྐད་ཆར་དེང་རབས་ཀྱི་མཚོན་ཐབས་སྤྱད་ཡོད། ཏང་གི་དམངས་ཕན་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ། དབུལ་ཐར་མཁྲེགས་གཏོར་སོགས་ལ་བསྟོད་གླུ་བླངས་ཡོད་པ་མ་ཟད། མི་རིགས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ལ་གདེངས་འཇོག་གང་ལེགས་བྱས་ཡོད། གཙོ་གནད་གཉིས་སམ་རིག་གནས་གནས་སྐོར་དང་དམངས་སྲོལ་གོམས་གཤིས་ཀྱིས་མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་རིག་གནས་དང་དམངས་སྲོལ་སོགས་ཀྱི་ནང་དོན་དེ་ཟློས་གར་གྱི་རྣམ་པར་སྦྲེལ་ནས་མངོན་པར་མཚོན་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།