ཁྲི་ཀ་རྫོང་གིས་སྔོ་ཚལ་དྲོད་ཁང་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ།

1126867098_16080864000901n.jpg

1126867098_16080864000811n (1).jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་སྔོ་ཚལ་དྲོད་ཁང་ཞིག་ཏུ་སྔོ་ཚལ་འདེབས་མཁན་ཞིག་གིས་ཚལ་ཀྭ་འཐོག་བཞིན་ཡོད།  ཉེ་བའི་ལོ་འགའི་རིང་རྨ་ཆུའི་སྟོད་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས“སྔོ་ཚལ་དྲོད་ཁང”འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། རྨ་ཆུའི་ཐང་སོགས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་མང་པོ་འཛུགས་སྐྲུན་བྱས་པ་བརྒྱུད་སྔོ་ཚལ་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་དགུ་བཏོན། མིག་སྔར་རྫོང་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི4.5ཟིན་པ་དང་། ལོ་རེའི་སྔོ་ཚལ་ཐོན་ཚད་ཏུན་ཁྲི7.3ཟིན་ཡོད་ལ།  དེས་ཕན་འབྲས་ཡོད་པའི་སྒོ་ནས་སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད་མཐོར་འདེགས་སུ་བཏང་སྟེ། “སྔོ་ཚལ་དྲོད་ཁང”བཟོ་འགོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།