མཚོ་སྔོན་རི་ཁུལ་ལྕགས་རྟ་རུ་ཁག་གིས་རྒྱལ་ཡོངས་འགྲན་རར་རྒྱལ་ཁའི་གཏམ་བཟང་བསྒྲགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ12པའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་གཉིས་པ་ནས་ཤེས་རྟོགས་བྱུང་བར། ཟླ12པའི་ཚེས12ནས13ཉིན་བར་སྤེལ་བའི“མྱུར་ཐོན་བུམ་པའི”2020ལོའི་ཀྲུང་གོའི་རི་ཁུལ་ལྕགས་རྟ་མཉམ་འབྲེལ་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་(ཀོང་ཏུང་·མའེ་ཀྲོའུ་ཧྥུན་ཧྲུན་)དང་ཀྲུང་གོའི་ལོ་ཆུང་གཞོན་ནུ་ལྕགས་རྟUརིམ་པའི་འགྲན་སྡུར་སྟེང་། མཚོ་སྔོན་ཞིང་ཆེན་རི་ཁུལ་ལྕགས་རྟ་རུ་ཁག་གི་གཡང་མོ་མཚོ་ལ་ན་གཞོན་བུད་མེད་རི་ཁུལ་འགྲན་སྡུར་གྱི་ཨང་དང་པོ་དང་ན་གཞོན་བུད་མེད་རི་ཁུལ་ཕྱིར་ཕུད་འགྲན་སྡུར་གྱི་ཨང3པ་ཐོབ་ཅིང་། ཀླུ་མགོན་རྒྱལ་ལ་ན་གཞོན་སྐྱེས་པའི་ཕྱིར་ཕུད་འགྲན་སྡུར་གྱི་ཨང་3པ་ཐོབ་པ་དང་། མཚོ་སྔོན་རི་ཁུལ་ལྕགས་རྟ་རུ་ཁག་ལ་མཉམ་བསྲེས་ཚོགས་པའི་མཐུད་རྒྱུག་གི་ཨང་3པ་ཐོབ།

ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་འགྲན་སྡུར་ནང་ཕུལ་བྱུང་ཚོ་ཆུང་གི་སྐྱེས་པ་དང་། བུད་མེད་ཀྱི་རི་ཁུལ་འགྲན་སྡུར་དང་། ན་གཞོན་ཚོ་ཆུང་གི་སྐྱེས་པ་དང་བུད་མེད་ཀྱི་རི་ཁུལ་འགྲན་སྡུར་བཅས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། Uམུ་འབྲེལ་བུད་མེད་ཚོ་ཆུང་ཀ་པ་དང་ཁ་པའི་རི་ཁུལ་འགྲན་སྡུར། Uམུ་འབྲེལ་ཚོགས་པའི་མཐུད་རྒྱུག་འགྲན་སྡུར་སོགས་ཚོ་ཆུང་མང་པོ་བཀོད་སྒྲིག་བྱས་ཡོད་ལ། རྒྱལ་ཡོངས་ནས་ཡོང་བའི་ལུས་རྩལ་པ600ཙམ་འགྲན་སྡུར་ལ་ཞུགས་ཡོད།

འགྲན་སྡུར་ཁྲོད་མཚོ་སྔོན་གྱི་འགྲན་ཞུགས་པ་ཚོས་འགྲན་རར་སྐྲག་སྣང་སྤུ་ཙམ་ཡང་མེད་པར། གཡང་མོ་མཚོས་སྙིང་རུས་ཆེན་པོས་ཞུམ་མེད་འབད་བརྩོན་ལ་བརྟེན་ནས་ན་གཞོན་བུད་མེད་རི་ཁུལ་འགྲན་སྡུར་གྱི་ཨང་དང་པོ་བླངས་པ་དང་། ཀླུ་མགོན་རྒྱལ་གྱིས་ཀྱང་ཚང་མའི་རེ་བ་སྟོང་ཟད་དུ་མ་བཏང་བར་ན་གཞོན་སྐྱེས་པའི་ཕྱིར་ཕུད་འགྲན་སྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས་ནས་རུ་ཁག་གི་གཟི་བརྗིད་མཚན་སྙན་རྩོད་ལེན་བྱས། གླེང་རིན་ཡོད་པ་ཞིག་ལ་གཡང་མོ་མཚོ་ཡིས་ཡར་སྔོན་གྱི2020ལོའི་རྒྱལ་ཡོངས་ཀྱི་རི་ཁུལ་ལྕགས་རྟ་འགྲན་སྡུར་གྱི་ས་ཚིགས་གཉིས་པར་ན་གཞོན་བུད་མེད་རི་བགྲོད་འགྲན་སྡུར་གྱི་ཨང3པ་བླངས་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནས་ཐོན་པའི་བོད་རིགས་བུ་མོ་འདི་ཉིད་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ད་ལོར་བྱ་དགའི་རྟགས་མ་གསུམ་བླངས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།