2020ལོའི་ཟླ10པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ་དབུལ་ཐར་འགག་སྒྲོལ་ཐད་སྤྱད་པའི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར1069ལ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི་”སྐབས་སུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “ཞིང་གསུམ”དང་དབུལ་ཐར་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་ལེགས་པོར་དམིགས་ནས་ནོར་སྲིད་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བས། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་བདེ་བླག་ངང་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་བཏིངས། 2020ལོའི་ཟླ10པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་ངེས་པ་དོན་གྱིས་དབུལ་ཐར་འགག་སྒྲོལ་ཐད་སྤྱད་པའི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར1069ལ་སླེབས་ཤིང་། ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར214བཀོད་སྒྲིག་བྱས་འདུག་ལ། དེས་ལོ་རེའི་ཆ་སྙོམས་ཀྱི་སྤྱི་པའི་སྔོན་རྩིས་གཏོང་སྒོའི12%ཡན་ཟིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ“མིག་མངས་སྐོར་གཅིག”གི་དབུལ་ཐར་འགག་སྒྲོལ་གྱི་ནོར་ཤུགས་འགན་ལེན་གྱི་རྣམ་པ་དེས། མཚོ་སྔོན་ཞིང་ཆེན་གྱིས་ལོ་གཅིག་གི་སྔོན་ལ“བལྟོས་མེད་དབུལ་ཕོངས”ཀྱི་མི་འབོར་ཕྱོགས་ཡོངས་ནས་གཙང་སེལ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་བར་སྐུལ་འདེད་བཏང་།

ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་། རོང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ། རོང་འབྲོག་ཁུལ་ལྗང་སྒྱུར་བཅས་དམིགས་ཡུལ་དུ་བཟུང་ནས། ཞིང་ཆེན་ནོར་སྲིད་ཐིན་གྱིས“ཁ་གསབ་བྱ་དགས་ཚབ་བྱེད་པ་དང་། སྐྱེད་ཀ་གསབ་པ། ཁག་ཐེག”སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ཅིང་། དངུལ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་སྔར་བས་མང་པོ་ཞིང་ཕྱུགས་ལས་ཐད་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། འབྲི་གཡག་དང་། བོད་ལུག པད་ཁ། སྲན་མ། ལི་གྲོ། ཆུ་འཁྱག་གི་ཉ་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ཕྱུགས་ཐོན་རྫས་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་བརྒྱུད། ཞིང་ཕྱུགས་ལས་ཐོན་སྐྱེད་དེ་“གྲངས་འབོར”ནས་“སྤུས་ཚད་”དུ་བསྒྱུར་བར་སྐུལ་འདེད་བཏང་། དབུལ་ཐར་འགག་སྒྲོལ་དང་སྣོད་བཅུད་སྲུང་སྐྱོང་གི་གཉིས་ཕན་རྩ་དོན་མཐའ་འཁྱོངས་བྱས་ཤིང་། འོད་ཤུགས་དབུལ་སྐྱོར་དང་། སྣོད་བཅུད་སྤྱི་ཕན་རང་བཞིན་གྱི་དོ་དམ་སྲུང་སྐྱོང་ལས་གནས། སྣོད་བཅུད་ཡུལ་སྐོར་ལས་རིགས་སོགས་ལས་གཞི་ལ་རྒྱབ་སྐྱོར་དང་ལག་བསྟར་བྱས་པ་བརྒྱུད། “རི་ལྗང་ཆུ་དྭངས”དང“གསེར་རི་དངུལ་རི”ཕྱོགས་གཉིས་བརྗེ་སྒྱུར་གྱི་བགྲོད་ལམ་བཏོད། 

ནོར་སྲིད་ཀྱིས་དབུལ་ཐར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་མུ་མཐུད་དུ་ཇེ་མང་དུ་བཏང་བ་དང་མཉམ་དུ། ཞིང་ཆེན་ནོར་སྲིད་ཐིན་གྱིས་ནོར་སྲིད་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། བཞུགས་མོལ་གསོ་སྦྱོང་དང་། ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད། ཞིབ་བཤེར་བརྡ་ཁྱབ། ཆ་འཕྲིན་ཅན་གྱི་ལྟ་སྡོམ་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་པས། ནོར་སྲིད་ཀྱི་ལྟ་སྐུལ་དོ་དམ་ལས་དོན་དེ་ཡིག་ཆ་དང་། ཚོགས་འདུ། གཞུང་ལས་ཁང་བཅས་ནས་ཕྱིར་འབུད་དུ་བཅུག དུས་མཚུངས་སུ་གནད་དོན་ཕྱོགས་སྟོན་དུ་བཟུང་ནས། སྐོར་ཞིབ་སྣ་ཚོགས་དང་། རྩིས་བཤེར། ལྟ་ཞིབ་དཔྱད་བསྡུར་གྱི་ལྡོག་འདྲེན་གནད་དོན་བཅས་གཅིག་ཏུ་སྦྲེལ་ཏེ། རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་ཏན་གྱིས་མི་འདང་ས་འཚོལ་བ་དང་། འགན་འཁྲི་ཇེ་བརྟན་དུ་གཏོང་བའི་སྒོ་ནས་དག་ཐེར་ལ་དམ་འཛིན་བྱས་པར་བརྟེན། ནོར་སྲིད་མ་དངུལ་ཚད་དང་ལྡན་ལ་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།