མཚོ་སྔོན་ཞིང་ཆེན་གྱི་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་ཆོག་མཆན་བཀོད་ཚད་ཁྲི100ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་སྤེལ་བའི་གནས་ཚུལ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་ཆོག་མཆན་བཀོད་ཚད་ཁྲི100ལས་བརྒལ་བས། གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་བེད་སྤྱོད་བྱེད་ནུས་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

2018ལོའི་ཟླ12པར། རང་རེའི་ཞིང་ཆེན་གྱིས་ཐོག་མར་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་ཆོག་མཆན་བཀོད་པ་ནས་བཟུང་བསྟུད་མར་ཞབས་ཞུའི་ཐབས་ལམ29ཤར་གཏོང་བྱས་པར། རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་། “མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་”ལག་ཁྱེར་ཁ་པར་གྱིAPPདང“མཚོ་སྔོན་གྱི་གཞུང་སྒྲུབ་”ལག་ཐོགས་ཁ་པར་གྱིAPPདང་། ཀྲི་ཧྥོའུ་པའོ། སྐད་འཕྲིན་དང་དེ་བཞིན་དངུལ་ཁང་མང་པོའི་ཐབས་ལམ་བཅས་ཚུད་ཡོད་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུས་ཚང་མར་ཁྱབ་ལ། གློག་རྡུལ་སྤྱི་ཚོགས་འགན་བཅོལ་བྱང་བུ་སྤྱོད་ཚད་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས། དྲ་ཐོག་ལས་ཞུགས་དང་། ལས་ཤོར་འགན་བཅོལ་ཐོབ་ཐང་རེ་ཞུ། དྲ་ཐོག་སྤྱི་ཚོགས་འགན་བཅོལ་གཞན་སྒྱུར་རེ་ཞུ། མི་སྒེར་གྱི་སྤྱི་ཚོགས་འགན་བཅོལ་ཁེ་དབང་གི་ཐོ་ཡིག་འདྲི་རྩད། རྒན་གསོའི་དངུལ་ཚོད་རྩིས་སོགས་རྒྱལ་ཡོངས་ཀྱི་ཞབས་ཞུ་སྔ་རྗེས་སུ་སྤེལ།

ཉེ་དུས་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་སྡེ་ཁག་ལས་བརྒལ་ནས་བཀོལ་སྤྱོད་བྱེད་པར་འཚོལ་ཞིབ་བྱེད་ཆེད། མང་ཚོགས་ཕྱིར་སྐྱོད་གཟིགས་སྐྱོང་དང་སྟབས་བདེ་སྔར་བས་མང་བ་མཁོ་འདོན་བྱས་ནས་མོན་ཡོན་ཧའེ་རིགས་རང་སྐྱོང་རྫོང་དུ་གློག་རྡུལ་སྤྱི་ཚོགས་འགན་བཅོལ་བྱང་བུ་བཀོད་སྤྱོད་བྱེད་པར་ཚོད་ལྟ་བྱས་པ་དང་། བྱང་བུ་འཛིན་མཁན་གྱིས་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུས་རྩ་གཉིས་ཨང་རྟགས་བཤེར་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཆོག །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།