ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་བསྐྱོད་པ།


1.jpg

ཟླ12པའི་ཚེས7ཉིན།  ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་རུ་མི་དང་གཙོད་ཕྲུག་མཉམ་དུ་ཡོད་པ།

2.jpg

 འདི་ནི་ཟླ12པའི་ཚེས6ཉིན།  ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་པར་བླངས་པའི་གཙོད་ཕྲུག་ཅིག་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་བོད་ས་མཐོའི་དབུས་སུ་གནས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཨ་ཆེན་གངས་རྒྱབ་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི4600ལས་བརྒལ་བ་དང་།  རི་སྐྱེས་སྲོག་ཆགས་ཀྱི་སྣ་ཁ་མང་པོ་ཡོད་པས།   “སྲོག་ཆགས་ཀྱི་ལྷ་ཡུལ”ཞེས་བརྗོད་ཀྱིན་ཡོད།  རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད།  2000ལོར་ཨ་ཆེན་གངས་རྒྱབ་ཀྱི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱིས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་བཙུགས་པ་རེད།  རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་འཁོར་སྐྱོད་བྱས་པ་ནས་བཟུང་།  སྔ་རྗེས་སུ་གཙོད་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་སྲོག་ཆགས300ལྷག་ཙམ་བསྐྱབས་པ་རེད། མིག་སྔར།  གཙོད13དང་རྟ་རྒན2།  ལུག་ནག1།   དགོ་བ1བཅས་ཀྱིས་རོགས་སྐྱོབ་ལྟེ་གནས་སུ་འཚོ་བ་རོལ་བཞིན་ཡོད་པ་དང་།  རི་སྐྱེས་སྲོག་ཆགས་འདི་དག་བདེ་ཐང་ངང་སླར་གསོ་བྱས་ཏེ།  ཚེ་ཐར་གྱི་ཆ་རྐྱེན་དང་མཐུན་པའི་སྐབས་སུ་རང་བྱུང་ཁམས་སུ་བསྐྱར་གཏོང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།