《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་གཉིས་པ)པར་སྐྲུན་འགྲེམ་སྤེལ་བྱས།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་གཉིས་པ)པར་སྐྲུན་འགྲེམ་སྤེལ་བྱས།

དཔེ་ཚོགས་འདིའི་ནང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དེ་བསྟན་བཅོས་གྲགས་ཅན་སྐོར་ཞིག་བདམས་ཡོད་དེ། དེབ་གཟུགས་ཆུང་ཞིང་ཀློག་བདེ་བ། སྤྱོད་སྒོ་ཡངས་པའི་ཁྱད་ཆོས་འབུར་དུ་ཐོན་འདུག ཐེངས་འདིའི《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་གཉིས་པ)ནང་དུ། ལྡེའུ་ཇོ་སྲས་ཀྱི《ལྡེའུ་ཆོས་འབྱུང》དང་། དྲན་པའི་ཡེ་ཤེས་གྲགས་པ་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི《སྨྲ་སྒོ་མཚོན་ཆའི་རྩ་འགྲེལ》 པོ་ཏོ་བ་རིན་ཆེན་གསལ་གྱི《དཔེ་ཆོས་དང་བེའུ་བུམ་སྔོན་པོ》 ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱི《གཅེས་བསྡུས་འཆི་མེད་ནོར་ཕྲེང》 འཇུ་མི་ཕམ་དང་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི《བཟོ་གནས་ཉེར་མཁོ་གཅེས་བསྡུས》 ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི《ཐུན་མོང་རིག་གནས་ཀྱི་རྣམ་བཞག》 འཕགས་པ་ཀླུ་སྒྲུབ་དང་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི《བཤེས་པའི་སྤྲིངས་ཡིག་གི་རྩ་འགྲེལ》 སྣར་ཐང་ལོ་ཙཱ་བ་སོགས་ཀྱི《སྔགས་ཀྱི་བཀླག་ཐབས་གཅེས་བསྡུས》 ཕྱག་མཛོད་བྱམས་པ་གསུང་རབ་ཀྱི《སྐར་རྩིས་ཀྱི་མན་ངག་རིགས་ལྡན་སྙིང་ཐིག》 རིན་སྤུངས་ངག་དབང་འཇིག་གྲགས་ཀྱི《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན》བཅས་ཡོད་དོ། །

3.jpg

《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་དང་པོ)པར་སྐྲུན་འགྲེམ་སྤེལ་གནང་རྗེས། ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་བསྐྱར་པར་ཡང་ཐེངས་འགའ་བྱས་མྱོང་། 《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་དང་པོ)ནི། 《མཁས་པ་འཇུག་པའི་སྒོ》 《ཆག་ལོ་ཙཱ་བའི་རྣམ་ཐར》 《བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ》   《གྲུབ་མཐའ་རིན་ཆེན་ཕྲེང་བ་དང་ས་ལམ་རྣམ་གཞག》 《རྒྱལ་པོ་ར་མ་ཎིའི་གཏམ་རྒྱུད་ཀྱི་འགྲེལ་པ》 《མིང་གི་རྣམ་གྲངས》 《ཀོང་སྤྲུལ་ཟིན་ཏིག》 《རྟེན་འབྲེལ་བསྟོད་པའི་རྩ་འགྲེལ》 《ལམ་རིམ་ཚིགས་བཅད་མ》 《ཀླུ་སྒྲུབ་དགོངས་རྒྱན》བཅས་སོ། །

4.jpg

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།