ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྡེ་བའི་“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་སྤྱོད་གཙང་གཞུང་དྲང་བྱ་བར་འགན་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྐད་འཕྲིན་དང་དྲིལ་བསྒྲགས་ལག་དེབ་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས། གཅིག་སྡུད་སྒྲོག་འགྲེལ་དང་གསོ་སྦྱོང་རྩ་འཛུགས་སོགས་ཀྱི་རྣམ་པ་བརྒྱུད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་སྐབས་བརྗེའི་འདེམས་བསྐོ་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་སྙིང་གལ་ཆེན་སོགས་ལ་དམིགས་ཏེ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་དབང་ཆ་ཡང་དག་སྤྱད་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་སྤྱོད་གཙང་གཞུང་དྲང་ཡོང་བར་འགན་ལེན་བྱས།

    ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་སྒྲུབ་ལས་རྗེས་དཔྱད་དཔོག་དང་རྗེས་གྲབས་ལས་བྱེད་པའི་དམངས་འདོད་ཚད་ལེན་ཚོད་ལྟར་ཟུང་སྦྲེལ་བྱས་ཏེ་སྙིང་གཏམ་ཤོད་རེས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཡོད། གྲོང་ཚོ་རིམ་པའི་སྐབས་བརྗེའི་ལས་དོན་སྔ་སྣུར་སྒོས་ཡག་པོར་སྒྲུབ་ཆེད། བཅར་འདྲི་དང་ཚད་ལེན་ཚོད་ལྟ་སོགས་ཀྱི་རྣམ་པ་བརྒྱུད། གྲོང་ཚོ་རིམ་པའི་སྐབས་བརྗེའི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་མཐིལ་རྟོགས་གཅིག་བསྡུས་ཀྱིས་སྤེལ་བ་དང་། གྲོང་ཚོར་བཅའ་སྡོད་བྱེད་པའི་རྣམ་པ་སྤྱད་དེ། གྲལ་བཤེར་བྱས་པའི་དཀའ་གནད་གྲོང་ཚོ་དང་གཙོ་གནད་གྲོང་ཚོར་གཅིག་སྡུད་དག་ཐེར་བྱས་པ་རེད། གྲ་སྒྲིག་ལས་དོན་ཐད“མཚམས་དུམ་མི་གཅོད་པ་དང་ཕྱོགས་སྡོམ་མི་བྱེད་པའི”བྱ་ཐབས་སྤྱད་དེ་སྐབས་བརྗེའི་གྲ་སྒྲིག་ལས་དོན་ཁག་ལ་སླར་ཡང་གསེད་བཀྲོལ་དང་། ཡང་བསྐྱར་རང་བཤེར། ཡང་བསྐྱར་དག་ཐེར་བྱེད་པ་བཅས་བྱས་ཡོད། གཞི་རིམ་གྱིས་གྲོང་ཚོའི་“ཨུ་ལྷན་གཉིས་”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་བྱེད་པ་དང་“ཧྲུའུ་ཅི་དང་པོ་”དང་། གྲོང་ཚོ་འགན་ལེན་ལས་བྱེད་པ། གྲོང་ཚོ་དང་ལས་ཁུངས་མཉམ་འབྲེལ་གྱི་འགན་འཁུར་པ་གཙོ་བོ་བཅས་ལ་ཆེད་དོན་ལས་སྒོའི་གསོ་སྦྱོང་བྱས་ཤིང་། སྐབས་བརྗེའི་འདེམས་བསྐོའི་གཞི་རྩའི་ཤེས་བྱ་དང་སྲིད་ཇུས་དང་ཁྲིམས་སྲོལ་ཁོང་དུ་ཆུད་པ་དང་། སྐབས་བརྗེའི་འདེམས་བསྐོའི་གཞི་རྩའི་གོ་རིམ་དང་བྱ་ཐབས་གོ་རིམ་ལ་རྒྱུས་མངའ་ཡོད་པར་བྱས་ནས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་རྐང་འཛིན་སྟོབས་ཤུགས་ཀྱིས་མཛུབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་འགན་ལེན་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།