སྐྱེ་ཁམས་རྩེ་ཁོག་གི་ལྗང་མདོག(སྐྱེ་ལྡན)ཕྱུགས་ལས་དང་ནོར་ནག་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་མི་འགྱང་བར་ཀོང་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།

WechatIMG1440.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ལྗང་མདོག(སྐྱེ་ལྡན)ཕྱུགས་ལས་དང་ནོར་ནག་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཟླ12པའི་ཚེས3ནས་ཚེས4ཉིན་བར་ཀོང་ཀྲོའུ་རུ་འཚོག་རྒྱུ་ཡིན་པ་རེད།

WechatIMG1442.jpeg

ད་ཐེངས་ཀྱི་གླེང་སྟེགས་སྟེང་ལས་རིགས་ཁག་གི་ཆེད་མཁས་པ་དང་ཁེ་ལས་ཀྱི་མཁས་དབང་མང་པོ་གདན་འདྲེན་ཞུས་ནས་རྩེ་ཁོག་ནོར་ནག་གི་རྒྱུད་བཟང་འགྲེམས་སྟོན་དང་། ཐོན་སྐྱེད་ལག་རྩལ། སྒྲིག་ཆས་སྒྲིག་བཀོད། ལས་སྣོན་ཁེ་ལས། འཁོར་རྒྱུག་ཁེ་ལས། ཐབས་ལམ་སྤེལ་རེས་སོགས་ཀྱི་གནད་དོན་ལ་དམིགས་ནས་རིག་གཞུང་བགྲོ་གླེང་དང་ཆེད་ལས་སྤེལ་རེས་བྱས་ཏེ་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་དང་མཁས་དབང་། ལས་རིགས་ཀྱི་ཕུལ་བྱུང་མཁས་ཅན། གསར་གཏོད་ལས་གཏོད་མི་སྣ་བཅས་ལ་རིག་གཞུང་དཔྱད་བསྡུར་དང་ཆེད་ལས་སྤེལ་རེས་ཀྱི་ལས་སྟེགས་བཏོད་རྒྱུ་དང་། སྔོན་ཐོན་ཚན་རྩལ་གྲུབ་འབྲས་མཉམ་སྤྱོད་དང་། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ཇུས་བཟང་བཏོན་ནས་ནོར་ནག་ཐོན་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།