​གཏེར་ལམ་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གིས་དགུན་སྒྲོལ་རི་སྐྱེས་འདབ་ཆགས་བསུས་པ།

2.jpg

གཏེར་ལམ་མཚེའུ་འདམ་རའི་སྤྱི་གླིང་།

3.jpg

གཏེར་ལམ་མཚེའུ་འདམ་རའི་སྤྱི་གླིང་། 

4.jpg

བྱ་སྣ་ཚོགས་མཚེའུ་ངོས་སུ་འཕུར་བཞིན་པ། 

5.jpg

འདབ་ཆགས་དང་གངས་རི།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   དགུན་དུས་སུ། ཚྭ་འདམ་གཤོང་སའི་གཏེར་ལམ་མཚེའུ་འདམ་རའི་སྤྱི་གླིང་དུ་ངང་དཀར་དང་། བྱ་གོང་མོ། ཆུ་སྐྱར་མགོ་ནག ངང་སེར་སོགས་ཀྱི་རི་སྐྱེས་འདབ་ཆགས་ཁྲི་ལྷག་ཙམ་དགུན་སྒྲོལ་དུ་འཕུར་ཡོང་བས་དགུན་དུས་ཀྱི་ཚྭ་འདམ་གཤོང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་རེད།

གཏེར་ལམ་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་ཚྭ་འདམ་གཤོང་སའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལེན་རྫོང་ཐུང་ཕུའུ་གྲོང་རྡལ་དང་ཁོ་ཁོ་གྲོང་རྡལ་གྱི་ཁོངས་སུ་གནས་ཤིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2937ཟིན་ཡོད། གནས་དེའི་ཆུ་ཁུངས་མང་ཞིང་ཕྱུགས་རྩྭ་རྒྱས་པས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བྱེད་སར་གྱུར་ལ། མཚེའུ་འགྲམ་གྱི་འདམ་ར་དང་། རྩྭ་ཐང་གི་ཡུལ་ལྗོངས་ལྟ་ན་སྡུག་ལ། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དང་དགོ་བ་སོགས་ཀྱི་སྲོག་ཆགས་མང་པོ་དེར་རྒྱུད་སྤེལ་དང་འཚོ་གནས་བྱས་ནས་ཐུན་མོང་མ་ཡིན་པའི་སྲོག་ཆགས་དང་རྩི་ཤིང་གི་མཛེས་ལྗོངས་ཤིག་གྲུབ་ཡོད།

  ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་ཝུའུ་ལེན་རྫོང་གི་ཁོར་ཡུག་སྲུང་སྐྱོང་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་ཏུ། གཏེར་ལམ་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ལོ་རེ་བཞིན་ཤུགས་ཆེ་རུ་ཕྱིན་ནས་འདམ་རའི་སྤྱི་གླིང་ཧྲིལ་པོར་རྩི་ཤིང་རིགས་མང་དུ་ཕྱིན་པ་མ་ཟད། སྐྱེ་ཁམས་མ་ལག་སྲུང་སྐྱོང་ལེགས་པོ་བྱུང་ནས་གནས་སྤོའི་འདབ་ཆགས་རིགས་མང་པོའི་རྒྱུད་སྤེལ་འཚོ་གནས་བྱ་ཡུལ་དུ་གྱུར།

 ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་གཏེར་ལམ་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་འདབ་ཆགས་རིགས62ཡོད་པའི་ནང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རིགས8ཡོད། འདམ་རའི་སྤྱི་གླིང་དུ་ད་དུང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དང་དགོ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱང་ཡོད་པས། ཐུན་མོང་མ་ཡིན་པའི་སྲོག་ཆགས་དང་རྩི་ཤིང་གི་མཛེས་ལྗོངས་ཤིག་ཆགས་ནས། ལྟད་མོའི་རིན་ཐང་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་ཅུང་ཆེན་པོ་ལྡན་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།