མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་དམངས་ཀྱི་ཉེན་ཁང་བཟོ་བཅོས་འགན་འཁུར་ལས་འགན་ལེགས་འགྲུབ་བྱས་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན། གསར་འགོད་པས་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ཡུལ་དངོས་ཐེངས་གསུམ་པའི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་བྱུང་བ་ལྟར་ན། དབུལ་སྐྱོར་མཁྲེགས་གཏོར་ལག་བསྟར་བྱས་པའི་རིང་ལ། མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་རོང་འབྲོག་དམངས་ཀྱི་ཉེན་ཁང་བཟོ་བཅོས་དུད་ཁྱིམ་ཁྲི20བཀོད་སྒྲིག་བྱས་པ་དང་། ཡིག་ཚགས་ཐོ་འགོད་ཀྱི་དབུལ་ཕོངས་དུད་ཁྱིམ་ཁྲི4.5ཡིས་ཉེན་ཁང་བཟོ་བཅོས་བྱས་པ་བརྒྱུད་དེ་ད་ལྟའི་ཚད་གཞི་འོག་གི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་ཡོད་པའི་དམིགས་འབེན་མངོན་འགྱུར་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་དམངས་ཀྱི་ཉེན་ཁང་བཟོ་བཅོས་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ་གཅིག་ཀྱང་ལྷག་ལུས་བྱུང་མེད་པ་མངོན་འགྱུར་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཚགས་སྒྲིག་བྱང་འཛུགས་ཀྱི་དུད་ཁྱིམ་ཁྲི14.54ཚང་མར་སྡོད་ཁང་བདེ་འཇགས་ཀྱི་འགན་སྲུང་ཡོད་པ་མངོན་འགྱུར་བྱུང་། 

དབུལ་སྐྱོར་མཁྲེགས་གཏོར་བྱས་པའི་རིང་ལ། མཚོ་སྔོན་གྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་དབུལ་སྐྱོར་མཁྲེགས་གཏོར་གྱི་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་སྤྱིའི་དམིགས་འབེན་ལས་འགན་ཁྲོད་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་ཡོད་པའི་དམིགས་འབེན་དང་དམ་དུ་འབྲེལ་ཏེ། གནད་འཁེལ་དབུལ་སྐྱོར་གྱི་རྩ་བའི་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས། ཡིག་ཚགས་ཐོ་འགོད་ཀྱི་དབུལ་ཕོངས་ཁྱིམ་ཚང་དེ་གཙོ་གནད་དུ་བྱས་ཏེ། དེའི་མཚུངས་སུ་སྤྱིར་བཏང་གི་དུད་ཁྱིམ་དེ་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་ཁྱབ་ཁོངས་ཀྱི་ཉེན་ཁང་བསྒྱུར་བཅོས་ཁྲོད་བཞག་ཡོད། རོང་འབྲོག་དམངས་ཀྱི་ཁང་བ་འཛུགས་སྐྲུན་མ་བྱས་པར་དབུལ་ཕོངས་སུ་འགྱུར་བ་དེ་ཉེན་ཁང་བཟོ་བཅོས་ཀྱི་ནང་དོན་གལ་ཆེན་དུ་བྱས་ནས། ཁྱོན་ཡོངས་ནས་ཞིང་ཆེན་རིམ་པ་དང་ས་གནས་ཀྱི་མ་དངུལ་དོན་འཁྱོལ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་དམངས་ཀྱི་ཉེན་ཁང་བཟོ་བཅོས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཁ་གསབ་ཚད་གཞི་དེ་དུད་ཁྱིམ་ཁྲི2.5ལ་སླེབས་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་དུད་ཁྱིམ་9006ཡི་ཡིག་ཚགས་ཐོ་འགོད་དུད་ཁྱིམ་གྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་དབུལ་སྐྱོར་གྱི་མ་དངུལ་ཁ་གསབ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་ཡིག་ཚགས་ཐོ་འགོད་དབུལ་ཕོངས་ཁྱིམ་ཚང་གི་ཚད་གཞི་དེ་རོང་བ་ས་ཁུལ་གྱི་དུད་ཁྱིམ་རེར་སྒོར་ཁྲི5དང་།འབྲོག་ལས་ས་ཁུལ་གྱི་དུད་ཁྱིམ་རེར་སྒོར་ཁྲི6ཡི་མཐོ་རུ་བཏང་སྟེ། ཁྱོན་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་ཡིག་ཚགས་ཐོ་འགོད་དབུལ་ཕོངས་དུད་ཁྱིམ་གྱི་ཉེན་ཁང་བཟོ་བཅོས་ལས་འགན་དོན་འཁྱོལ་ལ་ཁག་ཐེག་བྱས་ཤིང་། སྡོད་ཁང་འཛུགས་སྐྲུན་གྱི་ནུས་པ་མེད་པའི་དབུལ་ཕོངས་དུད་ཁྱིམ་ལ་ས་གནས་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་སོགས་ཀྱི་རྣམ་པ་སྤྱད་དེ་སྡོད་ཁང་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཏེ། ཡིག་ཚགས་ཐོ་འགོད་དབུལ་ཕོངས་ཁྱིམ་ཚང་གི་མ་དངུལ་བསྡུ་སྒྲིག་གི་གནོན་ཤུགས་ཉུང་དུ་བཏང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།