ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི590བཏང་ནས“སྤྱོད་ཁང་གསར་བརྗེ”ལ་རོགས་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཞིང་འབྲོག་ས་ཁུལ་གྱི“སྤྱོད་ཁང་གསར་བརྗེའི”འཛུགས་སྐྲུན་གྱི་ལས་དོན་ཇེ་མགྱོགས་སུ་གཏོང་ཆེད།  མིག་སྔར།  མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིིས་ཆེད་དོན་མ་དངུལ་སྒོར590བསྡུས་ཏེ།  ཞིང་འབྲོག་ས་ཁུལ་དུ་སྤྱོད་ཁང1366འཛུགས་སྐྲུན་བྱས་ནས།  ཞིང་འབྲོག་ས་ཁུལ་གྱི་འཕྲོད་བསྟེན་དང་སྤྱོད་ཁང་གི་མི་འདང་ས་ཁ་བསྐང་སྟེ།  ཞིང་འབྲོག་ས་ཁུལ་གྱི་ཁོར་ཡུག་ལེགས་བཅོས་བྱས་པ་རེད།

འཛུགས་སྐྲུན་ཁྲོད་དུ་ན་གོར་མོ་གྲོང་ཁྱེར་གྱིས་ཞིང་འབྲོག་ས་ཁུལ་གྱི་སྤྱོད་ཁང་ལ་བསྒྱུར་བཅོས་གཏོང་བའི་ཆ་རྐྱེན་དང་བསྒྱུར་བཅོས་ཀྱི་བསམ་འདུན།  སྤྱོད་ཁང་བསྒྱུར་བཅོས་ཀྱི་ཐབས་ཇུས་གཏན་འབེབས་བྱས་ཏེ།  ཞིང་སྡེའི་ནང་གི་ཁྱིམ་ཚང་རེ་རེའི་སྤྱོད་ཁང་བསྒྱུར་བཅོས་ཀྱི་འགན་ཁུར་དང་སྒྲིག་ཆས་མ་དངུལ་བཅས་དོན་འཁྱོལ་བྱས་པ་རེད།  དེ་དང་ཆབས་ཅིག  ཞིང་སྡེའི་སྤྱོད་ཁང་བསྒྱུར་བཅོས་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས།  ཆུ་འབུད་སྦུག་དྲ་དང་ཆུ་འབུད་ཁྲོན་པ།  སྐྱག་ཆུ་རྫིང་བུ།  དེ་དང་མཉམ་དུ་སྐྱག་ཆུ་དང་བཙོག་ཆུ་བཅས་བརྒྱུད་འདྲེན་ཐག་གཅོད་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།  

2018ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི“སྤྱོད་ཁང་གསར་བརྗེ”ཡི་བྱ་སྤྱོད་ཐབས་ཇུས་འགོ་བརྩམས་པ་ནས་བཟུང་།  ན་གར་མོ་གྲོང་ཁྱེར་གྱིས་དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཁང་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་སྤྱོད་ཞབས་ཞུའི་སྒྲིག་བཀོད་ལ་བསྒྱུར་བཅོས་གཏོང་བ་དང་།  རྨང་གཞིའི་ལས་གཞི་དང་དམངས་འཚོའི་ལས་གཞིའི་སྣང་བརྙན་མཐོར་འདེགས་སུ་བཏང་སྟེ།  ལོ་གསུམ་གྱི་རིང་།   གྲོང་ཁྱེར་ཡོངས་སུ“སྤྱོད་ཁང་གསར་བརྗེ”འཛུགས་སྐྲུན་བྱས་པའི་ལས་འགན6000ལེགས་འགྲུབ་བྱུང་བ་དང་།  སྤྱི་སྤྱོད་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལ་མངོན་གསུམ་གྱི་བསྒྱུར་བཅོས་བྱས་པ་རེད།  ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།