ལི་ཏུའུ་རུ་དབུལ་སྐྱོར་ཐོན་ལས་ཐེབས་རྩ་ཐོག་མ་གསར་དུ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཐེབས་རྩ་ཐོག་མ་སྟེ། ཀྲུང་གོ་ཞིན་ཏ་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཐེབས་རྩ་དེ་ལི་ཏུའུ་ཁུལ་དུ་ཚུགས་པ་མ་ཟད། མཚོ་སྔོན་རོང་ཙའེ་ཞིང་ལས་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་། ཏུང་མུའུ་ཝན་ཞིང་ཕྱུགས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་གཉིས་ཀྱིས་ས་གནས་ཞིང་ཕྱུགས་ལས་ཁེ་ལས་ལ་དབུལ་སྐྱོར་ཐོན་ལས་དངུལ་གཏོང་གི་གྲོས་གཞིར་མིང་རྟགས་བཀོད་ཅིང་། དེས་གཞི་ཁྱོན་ཁྲི4000ཡི་ཀྲུང་གོའི་ཞིན་ཏ་དབུལ་སྐྱོན་ཐོན་ལས་ཐེབས་རྩས་ལི་ཏུའུ་ཡི་དབུལ་སྐྱོར་མཁྲེགས་གཏོར་དང་།ཞིང་སྡེ་དར་རྒྱས་སུ་གཏོང་བའི་ཐད་ནུས་ཤུགས་ཕུལ་རྒྱུ་ཡིན་པ་མཚོན།

དངུལ་རྩའི་དབུལ་སྐྱོར་ནི་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་བསྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། དེ་ལི་ཏུའུ་ཁུལ་གྱིས་ཏང་འཛུགས་ཀྱིས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་ཏུ་གཏོགས་ཤིང་། 2002ལོར་ཀྲུང་གོ་ཞིན་ཏས་ལི་ཏུའུ་ཁུལ་དུ་གནད་འཁེལ་དབུལ་སྐྱོར་བྱས་ནས་ད་ལྟའི་བར། ཀུང་སི་དེས་ཏང་འཛུགས་དང་རོགས་སྐྱོར་གྱི་རྣམ་པ་འཚོལ་ཞིབ་ཀྱིས། ཏང་འཛུགས་ཀྱིས་ཐོན་ལས་དབུལ་སྐྱོར་ལ་སྣེ་ཁྲིད་བྱེད་པར་དམ་འཛིན་བྱས་ཏེ། ལི་ཏུའུ་ཁུལ་གྱི་དབུལ་ཕོངས་སྡེ་བའི་ཏང་རྩ་འཛུགས་35དང་སློབ་གྲྭ་1གི་ཏང་ཀྲི་པུའུ་གཉིས་ཀྱིས་མཉམ་སྐྲུན་གྱི་རྨང་གཞིའི་སྟེང་། དབུལ་སྐྱོར་ཐོན་ལས་དགོས་མཁོ་དང་དངུལ་རྩའི་རྒྱབ་སྐྱོར་གྱི་ཤུགས་ཚད་གཉིས་མཐུད་སྦྲེལ་བྱས་ནས། ཐོག་མར་ལི་ཏུའུ་ཁུལ་དུ་དབུལ་སྐྱོར་ཐོན་ལས་ཐེབས་རྩ་ཐོག་མ་གསར་དུ་ཚུགས་ཤིང་། དབུལ་སྐྱོར་ལ་ཐོན་ལས་གྱི་གཞི་ཁྱོན་ཕན་ནུས་ལྡན་པ་དང་། དབུལ་སྐྱོར་ལ་ཕན་པ་དང་སྣེ་ཁྲིད་ཀྱི་ནུས་པ་ཅུང་ཆེ་བའི་ཁེ་ལས་ཀྱིས་ཁེ་ལས་རང་སྟེང་གི་བྱེད་ནུས་དང་རང་བདག་ཐོན་སྐྱེད་བདག་གཉེར་ཚོང་གཉེར་ནུས་ཤུགས་མཐོ་རུ་བཏང་སྟེ། ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།