ཉིན་ཞྭ་སྡེ་བའི་ལུག་ཁྱུ་དང་ལུ་གུ

མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུག་ཁྱུ།

དར་རྒྱས་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་བོད་རིགས་འབྲོག་པ་ཞིག་རེད། ཁོ་ཚང་གི་རྩྭ་ས་མཚོ་སྔོན་པོའི་ཉེ་འགྲམ་དུ་ཡོད། ཉིན་འདི་དག་ནི་མ་མོས་ལུ་གུ་བཙའ་བའི་དུས་ཡུན་རེད། དར་རྒྱས་ཀྱིས་སྐྱེས་མ་ཐག་པའི་ལུ་གུར་གཉོར་སྐྱོང་བྱེད་དགོས་ལ། ལོ་རེའི་དུས་འདི་ནི་འབྲོག་པ་དག་ཆེས་བྲེལ་བ་ཆེ་བའི་དུས་ཤིག་རེད། 

“ད་ལྟ་ལུ་གུ200ལྷག་སྐྱེས་ཟིན་ལ། ད་དུང་ལུ་གུ100ལྷག་སྐྱེ་ལ་ཉེ། ད་ལོ་ཁྱོན་ལུ་གུ350ཙམ་ཡོད་སྲིད།”དར་རྒྱས་ཀྱིས་དེ་ལྟར་བཤད།  སང་ལོའི་དཔྱིད་དུས་སུ་ལུག་དེ་དག་གིས་སྒོར་800ཡི་རིན་གོང་ཐོན་པས་ཁྱིམ་ལ་ཡོང་འབབ་སྒོར་ཁྲི28ཙམ་བསྐྲུན་ཐུབ། 

  མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུ་གུ 

  མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུ་གུ 

ཉིན་ཞྭ་སྡེ་བའི་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཀླུ་ཐར་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ཉིན་ཞྭ་སྡེ་བ་ནི་འབྲོག་ལས་རྐྱང་པའི་སྡེ་བ་ཞིག་ཡིན་པ་དང་། ས་གནས་དེ་གའི་འབྲོག་པས་མི་རབས་དུ་མར་“རྩྭ་ཆུར་བསྙེགས་ནས་འཚོ་བའི”སྐྱས་སྤོའི་འཚོ་བ་སྐྱེལ་བཞིན་ཡོད། སྲོལ་རྒྱུན་གྱི་ཕྱུགས་འཚོའི་ཐོན་སྐྱེད་བྱེད་སྟངས་ཀྱིས་ཉིན་ཞྭ་སྡེ་བའི་རྩྭ་སའི་ཐེག་ཚད་ལས་བརྒལ་བའི་ཕྱུགས་འཚོས་པས་སྔོ་ཁེབས་ཇེ་ཞན་དུ་སོང་བ་མ་ཟད། རགས་ལས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པས་ས་གནས་དེ་གའི་འབྲོག་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེན་པོ་ཐོན་མེད།  

2010ལོར། ཉིན་ཞྭ་སྡེ་བས་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། འབྲོག་པས་མ་མོའམ་རྩྭ་ས་མ་རྐང་དུ་བཞག་ནས་མ་རྐང་ལམ་ལུགས་ཀྱི་མཉམ་འབྲེལ་གཉེར་སྐྱོང་ཚོགས་ཆུང་ནང་ཞུགས། ལོ་མང་ནང་བསྟུད་མར་ཁེ་འབབ་བགོས་པས་ཉིན་ཞྭ་སྡེ་བའི་འབྲོག་པས་ཚན་རིག་དང་མཐུན་པའི་ཕྱུགས་འཚོའི་ཕན་འབྲས་མཐོང་། 

རྩྭ་ཐང་གི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱུང་བ་དང་རྩྭ་ཐང་ཚན་རིག་དང་མཐུན་པར་བེད་སྤྱོད་བྱས། དེ་སྔའི་འབྲོག་པའི“ལུག་ཇི་ཙམ་མང་ན་དེ་ཙམ་བཟང་བའི”འདུ་ཤེས་མེད་པར་གྱུར།  ཚད་ཡོད་ཀྱི་རྩྭ་སའི་ཐོག་ཕན་འབྲས་སྔར་བས་ཆེ་བ་ཐོབ་པ་དེ་ཉིན་ཞྭ་གྲོང་ཚོའི་འབྲོག་པས་དོ་ཁུར་ཆེ་ཤོས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད། 

  མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུག་ཁྱུ།

 མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུ་གུ 

མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུ་གུ 

 མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུ་གུ 

 མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུ་གུ 

 མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་སྡེ་བའི་དར་རྒྱས་ཚང་གི་ལུ་གུ 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།