སྔར་ལས་ལྷག་པའི་སྒོ་་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པའི་ཁྲོད་ཀྱི་གལ་ཆེའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྐོར་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་རེ་ཞུ་དཔྱད་འདེམས་བྱེད་པའི་བྱ་བ་སྤེལ།
མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་དོ་དམ་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། ཐོབ་ཐང་ཞིབ་བཤེར་དང་རྒྱུ་ཆ་དཔྱད་ཞིབ། ཡུལ་དངོས་བརྟག་དཔྱད་བཅས་བརྒྱུད་དེ། མཚོ་སྔོན་གསར་བའི་སྙིང་སྟོབས་འགྲེམ་སྟོན་ཁང་སོགས་རྗེས་དྲན་ཁང་དང་འགྲེམ་སྟོན་ཁང་13ལ་སྐོར་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་མཚན་སྙན་སྤྲོད་རྒྱུ་ཡིན་པས། ད་ལྟ་སྤྱི་ཚོགས་ཡོངས་ལ་སྤྱི་བསྒྲགས་བྱས་ཏེ་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་དང་སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་རྟོག་དང་ལེན་བྱ་རྒྱུ་ཡིན།
སྤྱི་བསྒྲགས་དུས་ཡུན། 2020ལོའི་ཟླ12པའི་ཚེས1ཉིན་ནས་2020ལོའི་ཟླ12པའི་ཚེས7ཉིན་བར།
འབྲེལ་གཏུག་པ། ཧན་ཅུའུ་ཝེ།
ཁ་པར། 18809710658
ཡིག་ཟམ། qhxcc2515@163.com
སྤྱི་བསྒྲགས་དུས་བཅད་ནང་མཚན་སྙན་སྤྲོད་རྩིས་ཡོད་པའི་རྟེན་གཞི་གང་ཞིག་དཔྱད་འདེམས་ཀྱི་ཆ་རྐྱེན་མི་ཚང་བ་དང་བསམ་འཆར་སྣ་ཚོགས་ཡོད་ཚེ། གོང་གི་འབྲེལ་གཏུག་བྱེད་ཐབས་སྤྱད་དེ་དྲིལ་སྒྲོག་པུའུ་ཡི་སློབ་གསོ་ཁྲུའུ་ལ་མིང་དངོས་ཀྱིས་ཚུར་སྣང་བྱས་ཆོག
ཀྲུང་གུང་མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ།
2020ལོའི་ཟླ12པའི་ཚེས1ཉིན།
སྤྱི་བསྒྲགས་མིང་ཐོ།
1.མཚོ་སྔོན་གསར་བའི་སྙིང་སྟོབས་འགྲེམ་སྟོན་ཁང་།
2.མཚོ་སྔོན་ཏང་གི་ལོ་རྒྱུས་སློབ་གསོ་འགྲེམ་སྟོན་ཁང་།
3.མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་འགྲེམ་སྟོན་ཁང་།
4.རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྤྱི་གླིང་འགྲེམ་ཁང་།
5.མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕུགས་འདུན་དད་སེམས་དང་སྲོལ་རྒྱུན་རིག་གནས་སློབ་གསོའི་རྟེན་གཞི།
6.ཏ་ཐུང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་།
7.ཧོང་ཀོང་སྡེ་བའི་གསར་བརྗེ་སློབ་གསོའི་རྟེན་གཞི(ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཏང་ཀྲི་པུའུ་ཐོག་མ)།
8.ཧུའུ་ཀྲུའུ་རྫོང་ཐང་ཁྲོན་གྲོང་རྡལ་ཧྲོན་ཧྲུའུ་སྡེ་བའི་ཏང་ཀྲི་པུའུ།
9.པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་ཡུལ།
10.དུས་རབས་ཀྱི་མིག་དཔེའི་རྗེས་དྲན་ཁང་།
11.ཏུའུ་ལེན་རྫོང་རིག་དངོས་བཤམས་སྟོན་ཁང་།
12.མའོ་ཧི་རྔ་མོང་ར་བའི་ལོ་རྒྱུས་བཤམས་སྟོན་ཁང་།
13.ཀྲུང་གུང་ཡུལ་ཤུལ་ཁུལ་ཏང་ཨུའི་ཏང་གི་ལོ་རྒྱུས་བཤམས་སྟོན་ཁང་།
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
སྐོར་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྤྱི་བསྒྲགས་མིང་ཐོ།