ཞིང་ཆེན་མགོ་ཁྲིད་ཀྱིས་མི་རིགས་ཞབས་བྲོ་ཟློས་གར《གཙང་བོའི་མགོ་ཁུངས》ལ་བལྟས་པ།

ཞིང་ཆེན་མགོ་ཁྲིད་ཀྱིས་མི་རིགས་ཞབས་བྲོ་ཟློས་གརགཙང་བོའི་མགོ་ཁུངསལ་བལྟས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན་གྱི་དགོང་མོར། མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ནང་དུ་མི་ཚོགས་ཀྱིས་ཁེངས་འདུག  མི་རིགས་ཀྱི་ཞབས་བྲོ་ཟློས་གར《གཙང་བོའི་མགོ་ཁུངས》ཞེས་པའི་འཁྲབ་སྟོན་

ཐེངས་བཞི་བ་གནས་དེར་འཁྲབ་སྟོན་བྱས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲིན་ཀྲང་ཞིན་ཁྲང་ཞང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་གྱི་འགོ་ཁྲིད་པ་རྣམས་ཀྱིས་རྒྱ་ཆེའི་ལྟད་མོ་བ་དང་མཉམ་དུ་འཁྲབ་སྟོན་ལ་བལྟས།

 ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་བཏོན་པ་དང་། རྒྱལ་ནང་གི་གར་སྟེགས་སྒྱུ་རྩལ་ཕྱོགས་གཅིག་ཏུ་འདུས་ཤིང་། ཞིང་ཆེན་འཁྲབ་སྟོན་སྡེ་ཚོགས་ཀྱིས་འཁྲབ་སྟོན་བྱས་པའི་མི་རིགས་ཟློས་གར《གཙང་བོའི་མགོ་ཁུངས》ཞེས་པ་དེ་ནི་རང་ཞིང་གིས་གསར་སྐྲུན་བྱས་པའི2020ལོའི་གཙོ་གནད་ཟློས་གར་ཞིག་ཡིན་ལ།ཟློས་གར་དེ་རྒྱལ་ཡོངས་ཀྱི་གར་སྟེགས་གསར་སྐྲུན་ལས་སྒྲུབ་ཚོགས་པ་གདན་དྲངས་ནས་གསར་སྐྲུན་བྱས་པ་དང་།རྒྱལ་ནང་གི་མིང་གྲགས་ཆེ་བའི་ཟློས་གར་རྩོམ་པ་པོ་དང་།མིང་དུ་གྲགས་པའི་ཞབས་ཞུ་སྒྲིག་ཁྲིད།ཞབས་བྲོའི་འཆར་འགོད་པ་བཅས་ཀྱིས་སྒྲིག་རྩོམ་བྱས་ཤིང་། སྤྱིའི་འཁྲབ་ཁྲིད་པ་དང་གར་སྟེགས་ཇུས་འགོད་བྱས་པར་མ་ཟད། རྒྱལ་ནང་གི་མིང་དུ་གྲགས་པའི་ཕུལ་བྱུང་ཞབས་བྲོ་བས་གཙོ་འཁྲབ་པའི་འགན་བླངས་ནས། ཟློས་གར་གྱི་འཁྲབ་སྟོན་ཆུ་ཚད་མཐོ་རུ་བཏང་བ་དང་།རྒྱལ་ཡོངས་ཁྱབ་ཁོངས་ཀྱི་ཤན་ཤུགས་དང་འཐུས་ཚབ་རང་བཞིན་གྱི་ཕུལ་བྱུང་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ཧུར་ཐག་གིས་གསར་སྐྲུན་བྱས། ལོ་ངོ་གཅིག་གི་རིང་ལ་སྒྲིག་རྩོམ་བྱས་པ་བརྒྱུད། གསར་སྐྲུན་མི་སྣས“སྐྱེ་ཁམས་དང་། ཀྲུང་ཧྭའི་ཆུ་མཛོད”བརྗོད་དོན་དུ་བྱས་ཏེ། རྨ་ཆུ་དང་སྐྱེ་ཁམས་ལ་འབྲེལ་བ་ཡོད་པའི་གཏམ་རྒྱུད་ཞིབ་བརྗོད་བྱས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།