​མཚོ་སྔོན་གྱིས་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་གནས་སྐོར་བྱ་འགུལ་སྤེལ་བ།

མཚོ་སྔོན་གྱིས་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་གནས་སྐོར་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་མཐོ་གནས།ཡུལ་སྐོར་དག་ཞིང”བརྗོད་དོན་ཡིན་པའི་མཚོ་སྔོན་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་དང་རྒྱལ་ཡོངས་བརྙན་ལེན་བྱ་འགུལ་ཟི་ལིང་དུ་འགོ་བརྩམས་ཤིང་།གྲོང་ཁྱེར་སོ་སོ་དང་ཁུལ་སོ་སོས་དུས་མཉམ་དུ་ཡན་ལག་ཚོགས་ར་ནས་བྱ་འགུལ་སྤེལ།ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བུའུ་ཧའེ་ཁུན། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅའེ་བཅས་འགོ་རྩོམ་མཛད་སྒོར་ཞུགས། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་དེ་ད་ལོའི་ཟླ11པ་ནས་སང་ལོའི་ཟླ4བའི་བར་ཡིན་ཞིང་། གཙོ་བོ་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་རིགས་ཆེན་པོ10དང་ལེ་ཚན334འདོན་རྒྱུ་རེད།བྱ་འགུལ་གྱིས“བརྗོད་དོན་འབུར་ཐོན་དང་། ཡུལ་བབ་དང་བསྟུན་པ། གྲོན་ཆུང་ནུས་མཐོ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་དང་ཡུལ་སྐོར་བའི་རིག་གནས་ཡུལ་སྐོར་དགོས་མཁོ་བསྐངས། འགོ་རྩོམ་མཛད་སྒོའི་སྟེང་། རླངས་འཁོར་བསྐོར་བ་དང་། མཛེས་ལྗོངས་ལ་རོལ་བ།ཡུལ་སྐོར་ལམ་ཐིག་ལ་འགྲིམ་པའི་མཚོ་སྔོན་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་ཆེན་དང་རྒྱལ་ཡོངས་ཁྲི་མིའི་བརྙན་ལེན་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་ནང་དོན་དང་དམིགས་བསལ་བྱེད་ཐབས་ཁྱབ་བསྒྲགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་རྫས་གསར་གཏོད་འཆར་འགོད་འགྲན་བསྡུར་ཆེན་མོ་དང་། རིག་གནས་ཡུལ་སྐོར་ཐོན་རྫས་དང་ཤུལ་བཞག་ཐོན་རྫས་འགྲེམ་སྟོན།ཙོང་ཁའི་རིག་གནས་སྦྲགས་ཐོ་ཁྱབ་བསྒྲགས།རིག་གནས་ཡུལ་སྐོར་མཉམ་ལས་གྲོས་གཞིར་མིང་རྟགས་འགོད་པ་དང་། དམིགས་བསལ་སྲིད་ཇུས་རབ་དང་རིམ་པ26བཏོན་ཞིང་།ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་དུ་དགུན་དཔྱིད་ཀྱི་པ་སེ་རིན་གོང་ཆ་སྙོམས་བྱས་ཤིང་། སྐར་མ་རིམ་པའི་མགྲོན་ཁང300ལྷག་གིས་དགུན་དཔྱིད་དུས་ཚིགས་ཀྱི་དམིགས་བསལ་ལག་བསྟར་བྱས།། 


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།