མཚོ་སྔོན་གྱིས་ཁྲིམས་འགལ་ཤོག་སྦག4700ལྷག་རྩད་ཆོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས26ཉིན། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གི་ཉེན་ཡོད་རྫས་འགྱུར་དངོས་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ཁྲུའུ་ཡིས་ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཁག་དང་མཉམ་འབྲེལ་གྱིས་ཧོང་ཀྲུང་ཆུས་ཏའོ་པ་གྲོང་རྡལ་ཧེ་ཙོས་འར་གྲོང་ཚོ་དང་ལེན་ལུང་འགག་གྲོང་རྡལ་ཏོན་པ་ཡིང་གྲོང་ཚོར་ཁྲིམས་འགལ་ངང་ཤོག་སྦག་གསོག་ཉར་དང་ཚོང་གཉེར་བྱ་ཡུལ་གཉིས་ཞིབ་བཤེར་ཐག་གཅོད་བྱས་པས། ཁྲིམས་འགལ་གྱི་ཤོག་སྦག4700ལྷག་ཙམ་རྩད་ཆོད་བྱུང་བ་དང་། ཁྲིམས་འགལ་ངང་ཤོག་སྦག་ཚོན་ཁྲ་ཅན་དུས་ཐོག་ཏུ་ཞིང་ཆེན་གྱི་ཤོག་སྦག་ཚོན་ཁྲ་ཅན་གྱི“མཛོད་ཁང་མེད་པར་རྡུང་རྡེག་གཏོང་བའི”ནང་སྤར་ནས་ཉར་ཚགས་བཟང་པོ་བྱས་པ་དང་འབྲེལ་ཡོད་དོགས་ཅན་མི་སྣ་སྤྱི་བདེ་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་བརྟག་དཔྱད་ཐག་གཅོད་བྱེད་དུ་བཅུག

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འགུལ་སྐྱོད་འདི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་གཞིར་བཟུང་ནས། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་སྤྱི་བདེ་སྡེ་ཁག་དང་མཉམ་དུ་དུས་འགོའི་མྱུལ་ཞིབ་ཞིབ་ཚགས་དང་དངོས་སྡོད་ཞིབ་འཇུག་ཚོད་འཛིན་གྱི་རྨང་གཞིའི་ཐོག་སྤེལ་བའི་གཅིག་གྱུར་བྱ་འགུལ་ཞིག་རེད། རྩད་ཆོད་ལག་ཟིན་བྱུང་བའི་ཁྲིམས་འགལ་ཤོག་སྦག་གསོག་ཉར་གྱི་གྲངས་འབོར་དང་གཞི་ཁྱོན་ནི་ཉེ་བའི་ལོ་ཤས་རིང་རྩད་ཆོད་ཐུབ་པ་ཆེ་ཤོས་རེད། ཁྲིམས་འགལ་གྱིས་ཐོན་སྐྱེད་དང་གཉེར་སྐྱོང་། གསོག་ཉར་བཅས་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་སྔར་ལས་ལྷག་པ་གཏོང་བར་ཟིལ་གནོན་གྱི་ནུས་པ་ཆེན་པོ་ཐོན་ཡོད།

གོམ་སྟབས་རྗེས་མར་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་རྗེས་འདེད་ལྟ་སྐུལ་མཛུབ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་རྡུང་རྡེག་དང་སྒྲིག་འགལ་གཙང་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་མཇུག་དང་ལོ་མགོར་ཤོག་སྦག་ཚོན་ཁྲ་ཅན་མང་དུས་ཀྱི་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་མཐུན་སྦྱོར་དང་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཤོག་སྦག་ཚོན་ཁྲ་ཅན་ཐོན་སྐྱེད་དང་བྲིན་ཚོང་བྱེད་པ་མང་བའི་དུས་ཚིགས་ཀྱི་བདེ་འཇགས་དུས་བབ་བརྟན་ལ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་འགན་ལེན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།