རང་ཞིང་གིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་སྤེལ་འགོ་བརྩམས་པ་དང་། བྱེད་སྒོ་འདིས“སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་སྤེལ་ནས།སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོ་བྱས་ཤིང་། “ཁྲིམས་ལུགས་རོགས་སྐྱོར་གྱིས་དམངས་འཚོར་ཕན་བདེ་བསྐྲུན་པ་དང་། དབུལ་སྐྱོར་བྱས་ཏེ་འབྱོར་འབྲིང་ལམ་དུ་སྐྱོད་པ”དང“ཁྲིམས་བཀུར་ཁྲིམས་སྲུང་དང་ལག་གདང་སྦྲེལ་ནས་ཕུགས་འདུན་བསྐྲུན”ཅེས་པའི་སྤུས་རྟགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཞིང་ཆེན་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དང་། ཟི་ལིང་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཁུལ་བཞིའི་ཁྲིམས་འཛིན་ཅུའུ། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་བཅས་དང་དེ་བཞིན་ཁྲིམས་འཛིན་གསལ་འབྱེད་ཁང་དང་། གཞུང་དཔང་ཁྲུའུ། འདུམ་གཅོད་ཨུ་ཡོན་ལྷན་ཁང་། ཁྲིམས་རྩོད་པའི་ལས་དོན་ཁང་། འདུམ་འགྲིག་ཨུ་ཡོན་ལྷན་ཁང་། མཐོ་སློབ་དང་བླངས་པ་བཅས་ཧུར་ཐག་གིས་ཞུགས་ནས་ཚོགས་སྤྱི་མི་འདྲ་བར་དམིགས་ནས་ནང་དོན་མི་འདྲ་བའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་བློ་འདྲིའི་ཞབས་ཞུ་དང་དྲིལ་བསྒྲགས་སློབ་གསོ་སྤེལ་བ་རེད། དབུལ་སྐྱོར་བྱ་ཡུལ་དང་ཞིང་པ་ལས་བཟོ་བ། ལས་བྲལ་ལས་ཤོར་མི་སྣ། དབང་པོ་སྐྱོན་ཅན། ཁྱིམ་སྟོང་རྒན་འཁོགས། གཞིས་ལུས་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས། བཅའ་ཁྲིམས་རོགས་སྐྱོར་གྱི་བློ་འདྲིའི་བདག་སྤྲོད་ས་ཚིགས་བཙུགས་ནས་གནད་སྨིན་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུ་སྤེལ་བ་དང་། དམངས་དོན་ཁྲིམས་གཞུང་གི་ཁྲིམས་སྐྱོང་འཆད་ཁྲིད་ཆེད་མངགས་ཁུལ་བཙུགས་ནས་ཁྲིམས་རྩོད་པ་གྲགས་ཅན་གདན་དྲངས་ཏེ་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་དང་། “སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་བར་ཐག་མེད་པའི་”བྱེད་སྒོ། ཁྲིམས་འཛིན་གསལ་འབྱེད། གཞུང་དཔང་ཞབས་ཞུ། བཅའ་ཁྲིམས་རོགས་སྐྱོར། ཁྲིམས་རྩོད་པའི་ཞབས་ཞུ། མི་དམངས་འདུམ་འགྲིག  འདུམ་གཅོད་སོགས་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་དྲུག་གི་ཆེད་ལས་མི་སྣ་གདན་འདྲེན་ཞུས་ཏེ། བློ་འདྲིའི་སྟེགས་བུ་དང་མངོན་གསལ་གསལ་འདེབས་བྱང་བུ་བཟོས། གཅིག་གཏད་གཅིག་དང་གནད་གཅིག་གཏད་ཀྱི་བཅའ་ཁྲིམས་འདྲི་རྩད་ཞབས་ཞུ་སྤེལ་བ་དང་། དེ་དང་ཆབས་ཅིག་བྱེད་སྒོ་སྤེལ་ཡུལ་དུ་འགྲེམས་སྟོན་ཁུལ་དྲུག་བཙུགས་ལ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐབས་ལམ་གྱི་ཁྲིད་སྟོན་བཟོ་བ་དང་། དང་བླངས་པ11སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞི་དང་ཞབས་ཞུའི་མཐའ་སྣེའི་ཁྲིད་སྟོན་ནང་ཞུགས་པར་རྩ་འཛུགས་བྱས་ཏེ། མི་དམངས་ལ་ཞབས་ཞུའི་སྐར་ཁུང་མི་འདྲ་བ་དང་ཞབས་ཞུའི་མཐའ་སྣེ་མི་འདྲ་བ་ནས་སྣ་མང་ཅན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཐོབ་པར་ཁྲིད་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།