ཟི་ལིང་གྲོང་ཁྱེར་གྱིས་ཤེས་བྱའི་བདག་དབང་ཆེད་དོན་བཅོས་སྒྲིག་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཁར་ཤར་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཁྲིམས་འཛིན་ཞིབ་བཤེར་རུ་ཆེན་དང་མཉམ་འབྲེལ་བྱས་ཏེ་ཚོང་ཟོག་ཆུང་ངུའི་ཁྲོམ་རར་ཤེས་བྱའི་བདག་དབང་གི་ཆེད་དོན་བཅོས་སྒྲིག་བྱ་འགུལ་སྤེལ།

ཆེད་དོན་བཅོས་སྒྲིག་བྱ་འགུལ་ཁྲོད།  ་ཁྲིམས་འཛིན་མི་སྣས་དབང་ཆར་བཙན་གནོད་བྱེད་སླ་བའི་ཚོང་ཟོག་རྫུས་མར་དམིགས་ནས། འབྲེལ་མཐུད་ཅན་དང་ཁྱོན་ཡོངས་ལ་ཁྱབ་པའི་ཞིབ་བཤེར་བྱེད་ཐབས་སྤྱད་དེ་ཤེས་བྱའི་ཐོན་དངོས་བདག་དབང་གི་སྲིད་འཛིན་ཁྲིམས་འཛིན་ཞིབ་བཤེར་ཕྱོགས་ཡོངས་ནས་བྱས་ཏེ། གཙོ་བོ་ཐོ་འགོད་ཚོང་རྟགས་རྫུན་བཟོ་དང་ཚོང་རྟགས་གྲགས་ཅན་རམ་ཡང་ན་ཚུལ་མིན་འགྲན་རྩོད་བྱེད་ཐབས་སྤྱད་དེ་ཚོང་ཟོག་ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་དང་། ཐོན་ཡུལ་དང་། བཟོ་གྲྭའི་མིང་། བཟོ་གྲྭའི་གནས་ཡུལ་བཅས་རྫུན་མ་བཙོངས་པའམ་ཡང་ན་རྫུན་མ་ངོ་མར་བརྫུས་པ་དང་སྤུས་ཞན་སྤུས་ལེགས་སུ་བརྫུས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད། ཁྱིམ་སྤྱོད་གློག་ཆས་རྫུན་མ་དང་སྤུས་ཞན་སྡེབ་ཚོང་། རྒྱལ་ཁབ་ཀྱིས་འཚོང་མི་ཆོག་པའི་བཀའ་རྒྱ་ཡོངས་བསྒྲགས་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་དང་ཁེ་བེད་བདག་ཐོབ་རྫུན་མའི་ཁྲིམས་འགལ་བྱ་སྤྱོད་བཅས་ལ་ཞིབ་བཤེར་དང་ཐག་གཅོད་བྱས་པ་རེད། ཡུལ་དངོས་སུ་ཚོང་ཟོག་སྣ་ཚོགས3000ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། ཁེ་བེད་བདག་ཐོབ་ཀྱི་མཚོན་རྟགས་ཚད་ལྡན་མིན་པའི་ཚོང་ཟོག3དང་གོ་མི་ཆོད་པའི་ཁེ་བེད་བདག་ཐོབ2བཅས་རྩད་ཆོད་པ་དང་སྲིད་འཛིན་ཐག་གཅོད་བྱས།

ཐེངས་འདིའི་ཆེད་དོན་བྱ་སྤྱོད་ཀྱིས་ཁྲོམ་རའི་དབང་གནོད་དང་རྫུན་བཟོའི་ཁྲིམས་འགལ་བྱེད་སྤྱོད་ལ་སྔར་བས་རྡུང་རྡེག་བཏང་ནས་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་མུ་མཐུད་དུ་ཚོང་རའི་ཆེད་དོན་བཅོས་སྐྱོང་བྱ་འགུལ་གྱི་གོ་སྐབས་དམ་འཛིན་བྱས་ནས། གཙོ་གནད་ཁྲོམ་ར་དང་གཙོ་གནད་ཚོང་ཟོག་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་། དབང་ཆར་བཙན་གནོད་དང་རྫུན་བཟོའི་ཁྲིམས་འགལ་བེད་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།