མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་མཉམ་སྤྱོད་སྟེགས་བུའི་ཡོལ་བ་ཕྱེས་བའི་མཛད་སྒོ་བསྡུས།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་མཉམ་སྤྱོད་སྟེགས་བུའི་ཡོལ་བ་ཕྱེས་བའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་རྩ་འཛུགས་ཀྱིས་མཉམ་སྤྱོད་སྟེགས་བུའི་ཡོལ་བ་ཕྱེས་བའི་མཛད་སྒོ་དང་སྤྱི་ཁོག་དཔལ་འབྱོར་ཆེད་དོན་བཞུགས་མོལ་ཚོགས་འདུ་ཧྭ་ཞ་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་དུ་སྤེལ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ།ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ཚུང་ལི་ཚོགས་འདུར་ཞུགས་པར་མ་ཟད།ཧྭ་ཞ་དངུལ་ཁང་གི་མགོ་གཙོ་གཞོན་པ་དབྱང་ཝའེ་དང་མཉམ་དུ་སྟེགས་བུའི་ཡོལ་བ་ཕྱེས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་སོ་སོའི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་བྱ་འགུལ་ཁྲོད་ཞུགས། 

ཏང་རྩ་འཛུགས་འཛུགས་སྐྲུན་གྱི་སྟེགས་བུ་མཉམ་སྤྱོད་བྱེད་པ་ནི་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་དོན་འཁྱོལ་དང་།མུ་མཐུད་དུ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། ཏང་རྩ་འཛུགས་ཀྱི་ཐོན་ཁུངས་གཅིག་བསྡུས་ཀྱི་བྱེད་ཐབས་གསར་གཏོད་ལ་ཤུགས་བསྣོན་པ་ཡིན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འཕེལ་རྒྱས་སྐུལ་འདེད་དང་།ཏང་འཛུགས་བྱ་བ་དང་ལས་གཉེར་བྱ་བ་གཉིས་མཉམ་འདྲེས་ཡོང་བར་སྐུལ་འདེད་དང་།ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ཐད་བླངས་པའི་ཕན་འབྲས་གསར་བ་བླངས་ཤིང་།དུས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་བཏང་བ་ཞིག་ཡིན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།