རང་ཞིང་གིས་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ལས་རིགས་དོ་དམ་ཚད་ལྡན་དུ་བཏང་བ་དང་ཤུགས་བསྣན་པ།

རང་ཞིང་གིས་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ལས་རིགས་དོ་དམ་ཚད་ལྡན་དུ་བཏང་བ་དང་ཤུགས་བསྣན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་བཅས་དང་ལྷན་དུ་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ཞབས་ཞུའི་སྡེ་ཁག་དོ་དམ་བྱེད་ཐབས་བསྒྲགས་ཏེ། དབང་བོ་སྐྱོན་ཅན་ཞབས་ཞུ་ལས་རིགས་ཀྱི་དོ་དམ་ལ་ཤུགས་བསྣོན་པའི་ཐད་ནས་བླང་བྱ་གསལ་བོ་བཏོན།

《བྱེད་ཐབས》ནང་དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་གི་ཁྱབ་ཁོངས་སྟེ། སྲིད་གཞུང་དང་སྤྱི་ཚོགས། མི་སྒེར་གྱིས་སྒྲུབ་པ་དང་།ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆེད་དུ་དབང་བོ་སྐྱོན་ཅན་ལ་དམིགས་བསལ་གྱིས་འདོན་སྤྲོད་བྱས་པའི་དཀའ་བསལ་གསོ་སྐྱོང་དང་། བདག་སྐྱོང་ཞབས་ཞུ། འཚོ་བར་ལྟ་སྐྱོང་། རོགས་སྒྲུབ་རང་བཞིན་གྱི་ལས་ཞུགས་སོགས་དང་འབྲེལ་བ་ཡོད་པའི་ཞབས་ཞུ་སྡེ་ཁག་གསལ་བོ་བྱས་ཡོད།དེའི་ནང་དུ་ཡུན་རིང་གི་བདག་སྐྱོང་དང་། ཉིན་རེའི་བདག་སྐྱོང་།ཡང་ན་ཁྱིམ་ཚང་དུ་བསྡད་དེ་ཞབས་ཞུ་བྱེད་པ་སོགས་ཀྱི་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་ཕན་བདེ་སྡེ་ཁག དང་། ཁུལ་བགོས་བདག་སྐྱོང་ངམ་དབང་བོ་སྐྱོན་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཕན་བདེ་སྡེ་ཁག   དབང་བོ་སྐྱོན་ཅན་གྱི་སྨན་བཅོས་ཁམས་གསོ་སྡེ་ཁག   དབང་བོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུ་སྡེ་ཁག   དབང་བོ་སྐྱོན་ཅན་གྱི་མཁར་སྡེ་ཁམས་གསོ་སྡེ་ཁག   དབང་བོ་སྐྱོན་ཅན་གྱི་གཞོགས་འདེགས་རང་བཞིན་གྱི་ལས་ཞུགས་དང་ལས་གནས་བདེ་ཐང་ཞབས་ཞུ་སྡེ་ཁག་སོགས་འདུ་བ་རེད། 

《བྱེད་ཐབས》ནང་འབྲེལ་ཡོད་སྡེ་ཁག་གི་འགན་ནུས་ལས་འགན་གསལ་བོ་བྱས་ཡོད་པ་སྟེ།དམངས་སྲིད་དང་འཕྲོད་བསྟེན་བདེ་ཐང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་ནི་དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་གི་ལས་རིགས་དོ་དམ་སྡེ་ཁག་ཡིན་པས། རང་རང་སོ་སོའི་འགན་ནུས་ལྟར་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་ལ་མཛུབ་སྟོན་དང་།ལྟ་སྐུལ་དང་དོ་དམ་བྱེད་དགོས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་དང་ལེན་སྲིད་གཞུང་གི་མངགས་བཅོལ་ལྟར་དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་ལ་ལྟ་སྐུལ་བྱེད་དགོས། 

《བྱེད་ཐབས》ལས་དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་གི་ཁྲིམས་ལྟར་ལས་དོན་ཐོ་འགོད་བྱས་པའི་དོན་དག་གསལ་བོ་བྱས་ཡོད་པ་སྟེ། རྒྱལ་ཁབ་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱིས་བསྒྲུབ་པ་དང་ཡང་ན་རྩ་འཛུགས་གཞན་པས་རྒྱལ་དབང་་ཐོན་ཁུངས་བེད་སྤྱད་དེ་ཁེ་ཕོགས་མ་ཡིན་པའི་དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་བཙུགས་ན། 《ལས་དོན་ལས་ཁུངས་ཀྱི་ཐོ་འགོད་དོ་དམ་གྱི་གནས་སྐབས་སྲོལ་ཡིག》སོགས་ལས་དོན་ལས་ཁུངས་ཀྱི་ཐོ་འགོད་དོ་དམ་གྱི་གཏན་འཁེལ་བྱས་པའི་ལས་དོན་ལས་ཁུངས་སུ་ལས་སྒྲུབ་ཐོ་འགོད་བྱེད་དགོས། ཁེ་ཕོགས་མ་ཡིན་པའི་དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་དེ《དམངས་སྒྲུབ་ཁེ་ལས་མ་ཡིན་པའི་ལས་ཁུངས་ཀྱི་ཐོ་འགོད་དོ་དམ་གནས་སྐབས་སྲོལ་ཡིག》སོགས་དམངས་སྒྲུབ་ཁེ་ལས་མ་ཡིན་པའི་ལས་ཁུངས་ཀྱི་ཐོ་འགོད་དོ་དམ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར། དམངས་སྲིད་སྡེ་ཁག་ཏུ་ཐོ་འགོད་སྒྲུབ་དགོས། ཁེ་ཕོགས་རང་བཞིན་གྱི་དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་གིས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཁོངས་གཏོགས་དོ་དམ་དབང་ཆ་ལྟར་བཟོ་ཚོང་སྲིད་འཛིན་སྡེ་ཁག་ཏུ་ལས་སྒྲུབ་ཐོ་འགོད་བྱེད་དགོས། 

《བྱེད་ཐབས》ནང་ཞབས་ཞུ་སྡེ་ཁག་གི་བྱེ་བྲག་གི་ཞབས་ཞུའི་ནང་དོན་གསལ་བོ་བྱས་ཡོད་པ་སྟེ།དབང་བོ་སྐྱོན་ཅན་སྡེ་ཁག་གིས་ཐོ་འགོད་ཀྱི་ཞབས་ཞུའི་ཁྱབ་ཁོངས་ལྟར། འཚོ་བའི་བདག་སྐྱོང་དང་།ཁམས་གསོའི་ཞབས་ཞུ། རིག་གནས་རོལ་རྩེད།སྨན་བཅོས་བདག་སྐྱོང་། ཆེད་ལས་ཁམས་གསོ། ལག་རྩལ་སྦྱོང་བརྡར། བདེ་འཇགས་འགོག་སྲུང་། ཁྱིམ་མིས་མཛུབ་སྟོན་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། དུས་མཚུངས་སུ། དབང་བོ་སྐྱོན་ཅན་ཞབས་ཞུ་སྡེ་ཁག་གི་རྣམ་གྲངས་དང་གྲོན་བསྡུ་ཚད་གཞི། ཞབས་ཞུའི་གྲོས་གཞི་འཇོག་པ། ཁམས་གསོ་ཞབས་ཞུ། སྨན་བཅོས་ཞབས་ཞུ། ཁམས་གསོའི་ཡོ་ཆས་ཞབས་ཞུ།སྡེ་ཁག་ཕྱིན་འཐེན་སོགས་ཀྱི་གནད་དོན་རེ་རེ་བཞིན་གསལ་བོ་བྱས་ཡོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།