པད་མའི་བོད་ཇ་ཐོག་དང་པོར་ཕྱི་རྒྱལ་དུ་བཀྲམ་པར་མ་ཟད་་སྒོར་ས་ཡའི་མངགས་ཐོ་རེག་པ།

པད་མའི་བོད་ཇ་ཐོག་དང་པོར་ཕྱི་རྒྱལ་དུ་བཀྲམ་པར་མ་ཟད་་སྒོར་ས་ཡའི་མངགས་ཐོ་རེག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་ཡུལ་ནས་བཙོང་བ་ནས་རྒྱལ་ནང་གི་ཚོང་ར་གཙོ་བོར་རྒྱ་སྐྱེད་པ་དང་། དེ་ནས་ཤང་ཀང་ཁྲོམ་རར་སླེབས་པ་སོགས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་བོད་ཇའི་ཕྱིར་ཚོང་ཁྲོམ་ར་རིམ་བཞིན་རྒྱ་ཆེར་འགྲོ་བཞིན་ཡོད། ཉེ་ཆར། བོད་ཇ་ཕྱིར་འཚོང་ལ་ཡང་བསྐྱར་རྒྱལ་ཁའི་གཏམ་བཟང་བསྒྲགས་ཡོང་བ་སྟེ། སྒོར་ཁྲི100ཡི་རྒྱལ་སྤྱིའི་ཉོ་ཚོང་གི་མངགས་ཐོ་རེག་ཡོད། འདི་ནི་བོད་ཇ་ཐོག་དང་པོར་དངོས་སུ་རྒྱལ་སྤྱིའི་ཚོང་རར་བསྐྱོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་པད་མ་རྫོང་དང་མཉམ་ལས་བྱས་པའི་ཀུང་སི་གཉིས་ནི་ཚོང་ཟོག་ཆེ་གྲས་ཀྱི་རྒྱལ་སྤྱིའི་ཚོང་དོན་ལས་སྒོ་གཙོ་བོར་དམིགས་པ་ཞིག་ཡིན། མིག་སྔར་པད་མ་རྫོང་དང་བོད་ཇའི་གཞི་ཁྱོན་དང་སྤུས་རྟགས། ཁྱད་ཆོས་དང་ཕན་འབྲས་སོགས་ཕྱོགས་མང་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ནས། བོད་ཇ་ཕྱི་རྒྱལ་ཁྲོམ་རའི་ཕྱིར་གཏོང་ཚོང་དོན་གཙོ་གནད་ཐོག་གསར་སྤེལ་བྱ་རྒྱུ་དང་། མ་ལེ་ཞི་ཡ་ནི་ས་ཚིགས་དང་པོར་འགྱུར་རྒྱུ་རེད། རྒྱལ་ཁབ་ཚོང་དོན་ཁེ་ལས་གཉིས་དང་ཡུན་རིང་མཉམ་ལས་བྱས་པས། སྔོན་དཔག་བྱས་ན་བོད་ཇའི་ལོ་རེར་ཡོང་འབབ་སྒོར་ཁྲི300ལྷག་ལ་འབུད་རྒྱུ་རེད།  

ད་ལོར་བོད་ཇ་རྒྱལ་ནང་གི་ཁྲོམ་ར་གཙོ་བོ་རུ་ཚོང་བྲིན་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག མ་ལེ་ཞི་ཡ་དང་ཡོ་རོབ་མནའ་འབྲེལ་སོགས་ཕྱི་རྒྱལ་གྱི་མཉམ་ལས་རོགས་ཟླ་མང་པོ་དང་ཕྱིར་གཏོང་འཐབ་ཇུས་མཉམ་ལས་ཀྱི་འདོད་མཐུན་བཞག་ཡོད། པད་མ་རྫོང་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བས་བཤད་པ་ལྟར་ན། སྔོན་དཔག་བྱས་ན་མ་འོངས་བའི་ལོ་གསུམ་ནང་པད་མ་རྫོང་གི་ཚོང་དོན་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི1000ལས་བརྒལ་རྒྱུ་ཡིན་པ་དང་། ཕྱིར་གཏོང་ཐོན་རྫས་ཀྱི“གཙོ་ཤུགས”སུ་གྱུར་ཡོད་པའི་བོད་ཇ་ཕུད་ད་དུང་ཐང་ག་དང་འཚེམ་དྲུབ། རྫ་ཆས་དང་དབྱར་རྩྭ་དགུན་འབུ། ནས་ནག་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་ཚུད་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།