མཚོ་བྱང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་ལེགས་པོར་སྒྲུབ།


མཚོ་བྱང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་ལེགས་པོར་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཉེ་ཆར་ཆེད་དོན་གྲོས་ཚོགས་བསྡུས་ཏེ། དཀའ་འབད་ཀྱི་ཉིན་མ་དྲུག་ཅུའི་མཇུག་ལེགས་པོ་བསྡུ་བའི་བྱ་འགུལ་སྤེལ་ཏེ།གནས་བབ་ལ་དབྱེ་ཞིབ་དང་མི་འདང་ས་བཙལ། རིགས་སོ་སོའི་གནད་དོན་ལེགས་བཅོས་དང་།ཐོན་ལས་དབུལ་སྐྱོར་ཤུགས་དྲག་ཏུ་བཏང་ནས། ལས་བགོས་རྒྱ་བསྐྱེད། དེ་མིན་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་བཏང་སྟེ། དབུལ་ཕོངས་འགོག་སྲུང་ལྟ་སྐུལ་ཚད་ལེན་སོགས་ཀྱི་སྣ་བཅུ་གསུམ་གྱི་མཇུག་ལེགས་པོ་བསྡུ་བའི་གཙོ་གནད་བྱ་བ་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ། མི་དོར་བ་བཞིའི་བླང་བྱ་གཟབ་ནན་སྒོས་དོན་འཁྱོལ་དང་། དམིགས་འབེན་ལ་གཏད་ནས།དཀའ་སྤྱད་འབད་བརྩོན་གྱིས་དབུལ་ཐར་མཁྲེགས་གཏོར་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱས། 

    དབུལ་ཐར་མཁྲེགས་གཏོར་དབུལ་ཕོངས་ཉུང་དུ་གཏོང་བ་ནས་དབུལ་ཐར་གྱི་སྤུས་ཚད་ལ་དོ་སྣང་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྐྱོད་དེ། གཅིག་བསྡུས་སྒོས་གནད་འགག་གི་དུས་སྐབས་སུ་སླེབས་ཡོད། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་སྤུས་ཚད་མཐོ་བའི་མཇུག་ལེགས་པོ་ཞིག་བསྡུས་ནས། མི་འདང་ས་ཁ་གསབ་དང་། ཞན་ཆ་ཤུགས་དྲག་ཏུ་གཏོང་བ། སྲ་བརྟན་ལ་སྐུལ་འདེད་བཏང་ནས། ཡུན་རིང་ལ་དམིགས་པའི་ཐད་ཤུགས་བརྒྱབ་སྟེ།སྟོབས་ཤུགས་ཡོད་རྒུས་གནད་དོན་ལེགས་བཅོས་ཀྱི་ཆེད་སྤྱོད་བྱ་འགུལ་དམ་འཛིན་བྱེད་པ།དེ་མིན་དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་སོགས་ཀྱི་གཙོ་གནད་བྱ་བ་དོན་འཁྱོལ་བྱས་ནས། མུ་མཐུད་དུ་ཁ་གསབ་དང་ལྟ་སྐུལ་ཚད་ལེན་བྱ་བར་ཤུགས་བསྣན་ཏེ། དམིགས་གཏད་རང་བཞིན་གྱི་རོགས་སྐྱོར་བྱས་ཏེ། དབུལ་སྐྱོར་ལས་གཞིའི་མ་དངུལ་གྱི་ལྟ་སྐུལ་དོ་དམ་ཤུགས་ཚད་ཤུགས་དྲག་ཏུ་གཏོང་བ་དང་། རྫོང་ཡོངས་དང་།ཤང་། སྡེ་བ་རིམ་པ་གསུམ་གྱི་དབུལ་སྐྱོར་ཡིག་ཚགས་རྒྱུ་ཆ་འཐུས་ཚང་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་སྤུས་ཚད་ལ་ཁག་ཐེག་བྱས།།

  

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།