མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་སྡེར་བསྐྱོད་པའི་བྱ་འགུལ་སྤེལ།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་སྡེར་བསྐྱོད་པའི་བྱ་འགུལ་སྤེལ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་སྡེར་བསྐྱོད་པའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པ་དང་།སྟོབས་ཤུགས་ཡོད་རྒུས་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་ཆེད། ཟླ11པའི་ཚེས25ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྡེ་བར་བསྐྱོད་དེ། མཛེས་པའི་མཐོ་སྒང་མཉམ་སྐྲུན་བྱེད་པའི་བྱ་འགུལ་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་རི་བོའི་བོད་རིགས་ཤང་ཧྭ་ཁྲིན་སྡེ་བར་སྤེལ། 

 ཐེངས་འདིའི་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་།རྣམ་པ་འདྲ་མིན་ཡིན་ཞིང་།དེར་རིག་རྩལ་འཁྲབ་སྟོན་དང་། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་དྲིལ་སྒྲོག་འགྲེམ་བྱང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་ཤེས་བྱ་སྒྲོག་བཤད་དང་དྲིས་ལན་འདེབས་པ་སོགས་འདུས་པ་དང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་སྨན་ཁང་གིས་བྱ་འགུལ་སྤེལ་བའི་ཡུལ་དངོས་ནས་མང་ཚོགས་ལ་བདེ་ཐང་ཤེས་བྱ་དྲིལ་སྒྲོག་དང་། རྒྱུན་སྤྱོད་སྨན་རྫས་སྟེར་བ། སྨན་བཅོས་བློ་འདྲི་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ། 

 རིག་རྩལ་འཁྲབ་སྟོན་མཇུག་སྒྲིལ་རྗེས། ཧྭ་ཁྲིན་སྡེ་བའི་མང་ཚོགས་ལ་གློག་རྡུལ་ཁྲག་ཤེད་ཚད་འཇལ་ཆས་དང་། དྲོད་གྲངས་རྩིས་ལེན་འཕྲུལ་ཆས། རྒྱུན་སྤྱོད་སྨན་རྫས་སོགས་བྱིན།།


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།