རང་ཞིང་གིས་རིག་ནུས་དམངས་སྲིད་གསར་སྐྲུན་བྱས་ཏེ་མང་ཚོགས་ལ་སྟབས་བདེ་བསྐྲུན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཁུལ་ལུའུ་ཧྲའར་གྲོང་རྡལ་སྲིད་འཛིན་ཞབས་ཞུ་ཚོམས་ཆེན་དུ། ཀྲང་ཆོན་བུན་གྱིས་ཤ་ཉེར་གནས་སྐབས་ཀྱི་རོགས་སྐྱོར་རེ་ཞུ་བྱེད་བཞིན་འདུག ཁོས་རེ་ཞུ་ཡི་གེ་སྤྲད་རྗེས་ལས་དོན་ཚང་མ་གཟའ་འཁོར་གཅིག་གི་ནང་སྒྲུབ་ཚར་འགྲོ་བས། སྟབས་བདེ་ཡིན་ཟེར།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ།མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རོགས་སྐྱོར་ཚད་ལྡན་དོ་དམ་དམ་འཛིན་བྱས་ཏེ།བརྡ་འཕྲིན་ཅན་འཛུགས་སྐྲུན་རྒྱབ་རྟེན་དུ་བྱས་ནས། ལས་སྒྲུབ་དང་མཐུན་འགྲིག་ལས་སྒྲུབ་བརྡ་འཕྲིན་ཅན་གྱི་སྟེགས་བུ་གསར་སྐྲུན་བྱས་ཤིང་། མ་མཐའི་འཚོ་བའི་འགན་སྲུང་དང་།དམིགས་བསལ་གྱི་དཀའ་ཁག་ཡོད་པ།གནས་སྐབས་རོགས་སྐྱོར་སོགས་ཀྱི་བརྡ་འཕྲིན་མ་ལག་འཐུས་ཚང་དུ་བཏང་ནས། ལས་སྒྲུབ་དང་བརྒྱུད་སྒྲུབ། སྤྱི་ཚོགས་རོགས་སྐྱོར་རེ་ཞུ། ཞིབ་བཤེར། ཞིབ་བཤེར་ཆོག་མཆན་བཅས་བརྡ་འཕྲིན་ཅན་གྱི་ལས་སྒྲུབ་རྩ་བའི་ཆ་ནས་མངོན་འགྱུར་བྱུང་། སྡོད་དམངས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་དཔྱད་ཞིབ་བརྡ་འཕྲིན་སྟེགས་བུ་འཐུས་ཚང་དུ་བཏང་སྟེ། སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་དང་ཁྱིམ་ཐོ། འགྲིམ་འགྲུལ་ཉེན་རྟོག མི་དོན། ནོར་སྲིད། རྒྱལ་ཁོངས་ས་ཁོངས།ཀྲུང་གོའི་དངུལ་ཁང་སོགས་ལས་ཁུངས་7གྱི་རོགས་སྐྱོབ་རེ་ཞུའི་ཁྱིམ་ཚང་གི་ནོར་སྲིད་ཡོང་སྒོའི་བརྡ་འཕྲིན་ཞིབ་བསྡུར་དང་བརྗེ་རེས་རྣམ་གྲངས23མངོན་འགྱུར་བྱས་ཏེ། རོགས་སྐྱོར་དམིགས་གཏད་ཀྱི་གནད་འཁེལ་ཚད་གཞི་མཐོ་རུ་བཏང་བས།བརྡ་འཕྲིན་གྱིས་དམངས་ལ་སྟབས་བདེ་སྐྲུན་པ་ཕལ་ཆེར་མངོན་འགྱུར་བྱུང་།
ད་ལོར། མ་མཐའི་འཚོ་བའི་འགན་སྲུང་སོགས་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་ལ་དོ་དམ་བྱེད་དཀའ་བ་དང་།འདས་པོས་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་ལེན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཧྲང་ཧའེ་སོགས་ཀྱི་སྔོན་ཐོན་ཉམས་མྱོང་གཡར་ཏེ། དམངས་སྲིད་རོགས་སྐྱོབ་ཁྱབ་ཁོངས་ཀྱི་ཐོབ་ཐང་ངོས་ལེན་དང་། འཚོ་བཞེས་ཀྱི་གནས་ཚུལ་ཞིབ་བཤེར་སོགས་ཀྱི་དཀའ་གནད་བསལ་ཞིང་། སྤྱི་ཚོགས་རོགས་སྐྱོབ་དོ་དམ་བྱེད་ནུས་གསར་སྤེལ་དང་།མཚོ་སྔོན་དམངས་སྲིད་Appམིའི་ངོ་གདོང་ངོས་འཛིན་གྱི་ནུས་པ་གསར་སྤེལ་བྱས། དེས་ཕན་ནུས་ལྡན་པའི་སྒོ་ནས་བརྡ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ་བྱས་པར་མ་ཟད། གཡོ་ལེན་སོགས་ཀྱི་བྱ་སྤྱོད་འགོག་སྲུང་བྱས་ཤིང་། ལས་སྒྲུབ་ཀྱི་ཕན་ནུས་མཐོ་རུ་བཏང་།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
རང་ཞིང་གིས་རིག་ནུས་དམངས་སྲིད་གསར་སྐྲུན་བྱས་ཏེ་མང་ཚོགས་ལ་སྟབས་བདེ་བསྐྲུན།