ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གིས་ཏང་ཙུའུ་(རྒྱ་བསྐྱེད་)གྲོས་ཚོགས་ཐེངས52པ་ཚོགས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་མགོ་ཁྲིད་ཚན་ཁག་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་གྱིས་རྡོ་སོལ་སྔོག་འདོན་བྱས་པའི་གནད་དོན་གྱི་བསླབ་བྱ་ནན་ཏན་གྱིས་བསྡུ་ལེན་གཏིང་ཟབ་དང་། ཤུགས་བཏོན་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཤིང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་མཱ་ཝུའེ་དང་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་མགོ་ཁྲིད་ཚན་ཁག་གིས་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས་པར་ཚད་མཐོའི་མཐོང་ཆེན་བྱས་ལ།གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་དང་དེ་བཞིན་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། མུ་རི་སོལ་གཏེར་གྱི2014ལོའི་བཅོས་སྒྲིག་ལས་དོན་སྤེལ་ཚུན་གྱི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་གཏིང་ཟབ་བྱས་ནས། ཆབ་སྲིད་ཀྱི་ལསང་ཕྱོགས་སྔར་བས་མཐོ་རུ་གཏོང་བ་དང་། ཞིབ་བཤེར་ནན་ཏན་དང་དབྱེ་ཞིབ་གཏིང་ཟབ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས། དག་ཐེར་ཡོ་བསྲང་བྱེད་ཐབས་ཁ་གསལ་ཞིང་ཞིབ་ཕྲ། འགན་འཁྲི་འཁུར་སེམས་ཆེན་པོ་ལྡན་པ་མཚོན་པར་བྱས་ཏེ། སློབ་སྦྱོང་གི་སྐུལ་འདེད་ཆེན་པོ་དང་། ངོས་འཛིན་མཐོར་འདེགས་ཆེན་པོ། བསམ་བློ་གཅིག་གྱུར་ཆེན་པོ་བཅས་བྱེད་པའི་ཐེངས་ཤིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མིག་དཔེ་བཟང་པོ་སྟོན་དགོས་པའི་ངོས་འཛིན་བྱས།
གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་ལྷག་པར་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུ་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན། “འདུ་ཤེས་བཞི་”ཇེ་དྲག་དང་། “གདེང་ཚོད་བཞི་”ཇེ་བརྟན། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ནས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་རྒྱུན་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ནན་ཏན་གྱིས་གཅིག་ཤེས་ཀུན་གྲོལ། ཞིང་ཆེན་གྱི་གནས་ཚུལ་ཆེ་ཤོས་གསུམ་ལ་ངོས་འཛིན་འཕྱུགས་མེད་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་ནུས་པ་འདོན་སྤེལ་གང་ལེགས། ཁྲིམས་སྐྱོང་དང་ལྟ་སྐུལ་གྱི་ཕྱོགས་ནས་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས་”ལག་བསྟར་ནན་པོ་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་དགོངས་ལ་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་ཀྱི་ཏང་ཙུའུ་ཡི་དམངས་གཙོའི་འཚོ་བའི་གྲོས་ཚོགས་དང་ཟུང་འབྲེལ་གྱིས། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པར་ནན་གྱིས་བསྟན། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།