ཞིང་ཆེན་མི་དམངས་སྲིད་གྲོས་ཀྱིས་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་འདུ་བསྡུས།

ཞིང་ཆེན་མི་དམངས་སྲིད་གྲོས་ཀྱིས་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས25ཉིན། རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་འདུ་བསྡུས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་འཁོར30ལོན་པའི་རྟེན་འབྲེལ་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཁྱོན་ཡོངས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་།ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་རྩ་འཛུགས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་སྟེང་གི་དགོངས་དོན་བརྒྱུད་སྒྲོག་བྱས།

ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཏང་འཛུགས་བྱ་བའི་བླང་བྱ་རབ་དང་རིམ་པའི་སྐོར་གྱི་གནས་ཚུལ་ལག་ལེན་དོན་འཁྱོལ་སྐོར་གྱི་གནས་ཚུལ་ཡར་ཞུར་ཉན་པ་དང་།ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་སྡེ་ཁག་གི་ཏང་འཛུགས་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས། དུས་རབས་གསར་བའི་ཏང་འཛུགས་བྱ་བའི་སྤྱིའི་བླང་བྱ་ལྟར། ཁྱོན་ཡོངས་ནས་གཙོ་ཁྲིད་འགན་འཁྲི་ལག་བསྟར་དང་། མུ་མཐུད་དུ་ཏང་འཛུགས་བྱ་བའི་སྒྲིག་སྲོལ་དོན་འཁྱོལ་ཤུགས་དྲག་ཏུ་གཏོང་དགོས། སྲིད་གྲོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་སྒོས། ཏང་འཛུགས་ཀྱི་ཁྱད་ཆོས་གསར་སྐྲུན་དང་།ཏང་གི་འཛུགས་སྐྲུན་གྱི་ཕན་འབྲས་གསར་བས་སྲིད་གྲོས་ཀྱི་བྱ་བར་སྣེ་ཁྲིད་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས། ཏང་གི་ལས་དོན་ལས་སྒྲུབ་དཔུང་ཁག་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མགོ་རྩོམ་ས་གསར་བ་ནས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་ལ་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཚོགས་འདུས་ཞིང་ཆེན་སྲིད་གྲོས་ཀྱི2021ལོའི་གྲོས་མོལ་འཆར་འགོད་བཀོད་སྒྲིག་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། གླེང་གཞི་བསྡུ་སྒྲིག་བྱ་བར་ཕན་འབྲས་ལྡན་པར་འདོད། གྲོས་མོལ་འཆར་གཞི་ནི་གྲོས་མོལ་གྱི་ཕན་འབྲས་སྲ་བརྟན་ཏུ་གཏོང་བའི་རྨང་གཞི་ཡིན་པས་མཐོང་ཆེན་བྱེད་དགོས་ཤིང་། གླེང་གཞི་འདེམས་པ་དང་།ཚན་རིག་གིས་བཀོད་སྒྲིག་སྟེང་ཤུགས་བསྣོན་དགོས། རང་ཞིང་གི“ལྔ་བཅུ་བཞིའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་དང་དམ་དུ་འབྲེལ་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་དམིགས་ཏེ། རྟོག་ཞིབ་ཀྱི་ཁ་ཕྱོགས་གདམ་གསེས་བྱེད་པ་དང་།གྲོས་མོལ་གྱི་གླེང་གཞི་ལེགས་པར་བདམས་ཏེ། སྲིད་གྲོས་བྱ་བ་དེས་མཐའ་གཅིག་ཏུ་ཏང་སྲིད་ཀྱི་ཁྱོན་ཡོངས་དང་མཉམ་དུ་ཤུགས་འདོན་དགོས་ཞེས་བསྟན།

ཚོགས་འདུས་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅོ་ལྔ་བའི་འབྲེལ་ཡོད་ལས་དོན་ལ་གྲོས་ཞིབ་བྱས། 

ཝང་ཞའོ་ཡུང་།རིན་ཆེན་རྣམ་རྒྱལ།ཀྲང་ཧྲིག་ཁྲིན། ཏུའུ་ཅའེ། མཱ་ཧའེ་དབྱིན།ཝང་ཞོན། ཏུའུ་ཏི་ཀྲི།ལིག་ཏ་ཡའེ་ཚོགས་འདུར་ཞུགས།།


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།