མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁེ་ལས་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན། ཞིང་ཆེན་ཡོངས་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཁེ་ལས་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་།མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་ནས། ཁེ་ལས་བའི་བསམ་འཆར་ལ་ཉན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།ཧྲིན་ཀྲང་ཞིན་ཁྲང་ཞང་གིས་མགོ་འཛིན་བྱས། 

     ཞིང་ཆེན་གྱི་མགོ་ཁྲིད་ཝང་ཞའོ།ཡུས་ཚུང་ལི།ཉི་མ་སྒྲོལ་མ།ཁོང་ཡུང་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་གྱིས་རྒྱལ་ཡོངས་ཁེ་ལས་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། 

 བཞུགས་མོལ་ཚོགས་འདུའི་སྟེང་།ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་གཉེར་བ་ཀྲང་མིན་ལུའུ་དང་།ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་སི། ཟི་ལིང་ཁྱད་དམིགས་ལྕགས་རིགས་སྡེ་ཚོགས་ཚད་ཡོད་ཀུང་སིའི་མགོ་གཙོ་ཀྲང་ཡུང་ལི། ཀྲུང་གོའི་འཁྱེར་འཕྲིན་མཚོ་སྔོན་ཡན་ལག་ཀུང་སིའི་མགོ་གཙོ་ཡུས་ཡུན་ཧྥིན། ཞིང་ཆེན་དངོས་ཟོག་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལིའུ་ལིན།མཚོ་སྔོན་དུས་རབས་ནུས་ཁུངས་གསར་བའི་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་འཛིན་ལྟ་སྐུལ་ཁྲིན་ཧྲུན་ཧྲོས། པུས་ཡ་ཏིའི་སྡེ་ཚོགས་ཀྱི་ཙུང་ཚའེ་གཞོན་པ་ཧི་ལུང་སོགས་ཀྱིས་ཁེ་ལས་བའི་ཚབ་བྱས་ཏེ་སྔ་གཞུག་ཏུ་གཏམ་བཤད་དེ། རྡོ་སྣུམ་སྙིང་སྟོབས་དང་།རྒྱལ་གཉེར་ཁེ་ལས་ཀྱི་བཅོས་བསྒྱུར་དཀའ་གནད། གྲངས་འཛིན་དཔལ་འབྱོར། དེ་མིན་དངོས་ཟོག་སྐྱེལ་འདྲེན་དེང་རབས་ཅན།དག་གཙང་ནུས་ཁུངས་འཕེལ་རྒྱས།དམངས་གཉེར་ཁེ་ལས་ལེགས་པོར་སྒྲུབ་པའི་ཐད་ནས་བསམ་འཆར་དང་ལྟ་ཚུལ་བཏོན། 

 གཏམ་བཤད་ལ་ཞིབ་མོས་ཉན་རྗེས།ཝང་ཅན་ཅུན་གྱིས་ཐོག་མར་ཁེ་ལས་བར་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་བཤད་བྱས།ཁོས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་རང་རྒྱལ་ལོ་ལྔའི་འཆར་གཞི་བཅུ་བཞི་བར་བསྐྱོད་པའི་དམིགས་འབེན་རི་མོ་བྲིས་ཤིང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་མདུན་ལྗོངས་མངོན་པ་དང་།ཁེ་ལས་བས་དུས་རབས་གསར་བ་དང་།དུས་སྐབས་གསར་བ་དམ་འཛིན་བྱེད་པ། འདུ་ཤེས་གསར་བ་ལག་ལེན།རྣམ་པ་གསར་བ་འཛུགས་སྒྲུབ་ཀྱི་ཕྱོགས་སྟོན་དུ་བྱས་ཤིང་། ཁེ་ལས་ཀྱིས་ཚན་རིག་དང་རང་འགུལ་སྒོས་འཕེལ་རྒྱས་ཀྱི་དགེ་མཚན་གསར་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་འདྲེས་བྱེད་པར་ཤིན་ཏུ་གལ་ཆེ་བས། ཏན་ཏིག་གིས་སློབ་སྦྱོང་དང་དང་ལེན་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་ཁེ་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་ཞེས་བསྟན། 

ཞིན་ཁྲང་ཞང་གིས་མགོ་འཛིན་གྱི་གཏམ་བཤད་ཁྲོད་བསྟན་དོན། ཁེ་ལས་བས་གོ་སྐབས་དང་འགྲན་རྩོད་དམ་འཛིན་བྱེད་པ་དང་།འཕེལ་རྒྱས་ཀྱི་དུས་སྐབས་ལ་རྐང་བཙུགས་ནས།ཁྱོན་ཡོངས་དང་ར་སྤྲོད། མིག་རྒྱང་རིང་བོས་གནས་བབ་ལ་བལྟ་བ་དང་། འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་བལྟ་དགོས་པ་མ་ཟད། པྲོག་གསར་གློ་ཚད་ཀྱི་ཤན་ཤུགས་ལའང་བལྟ་དགོས། རང་ཞིང་གི་འཕེལ་རྒྱས་ཀྱི་ཁོར་ཡུག་རྙོག་འཛིང་ཡིན་པར་བལྟ་དགོས་ཤིང་། རང་རྒྱལ་དཔལ་འབྱོར་དུས་ཡུན་རིང་བོར་ལེགས་པའི་ཕྱོགས་སུ་བསྐྱོད་པ་འགྱུར་མེད་པ་དེ་མཐོང་དགོས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡར་འཕར་བའི་གནས་བབ་འགྱུར་མེད་ཅིང་།ཀྲུང་དབྱང་དང་ཞིང་ཆེན་གྱི་སྲིད་ཇུས་རབ་དང་རིམ་པ་དང་རིམས་ནད་ཀྱིས་ཐོན་ལས་ལ་སྐུལ་སྤེལ་བྱས་པའི་གོ་སྐབས་ལ་བལྟས་ནས། འཐབ་ཇུས་རྒྱུན་འཁྱོངས་དང་རྒྱལ་ཁ་ལེན་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཧུར་ཐག་གིས་ཉེན་ཁའི་ཁྲོད་ནས་གོ་སྐབས་དམ་འཛིན་བྱེད་པ་དང་། འགྱུར་ལྡོག་ཁྲོད་ནས་རྣམ་པ་གསར་སྐྲུན་བྱེད་དགོས། སྒེར་དང་ཐུན་མོང་དམ་འཛིན་བྱས་ཏེ།ཁེ་ལས་འཕེལ་རྒྱས་དེ་རྒྱལ་ཁབ་དར་རྒྱས་དང་། མི་རིགས་ཡར་རྒྱས།མི་དམངས་བདེ་སྐྱིད་དང་ཟུང་འབྲེལ་དམ་པོ་བྱས་ནས། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་དང་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་ཀྱི་བརྩེ་བ་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཁེ་ལས་པས་སྤུས་ཚད་དང་།ཁེ་ཕན། འགྲན་རྩོད་ཆེ་བ།ཤན་ཤུགས་སྔར་ལས་ཆེ་བའི་འཕེལ་རྒྱས་བྱུང་བར་སྣེ་ཁྲིད་བྱེད་དགོས་ཞེས་བསྟན། 

   ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས།གྲོང་ཁྱེར་སོ་སོའི(ཁུལ)ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ།ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་དང་།ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ།ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ།མཚོ་ཤར་བཟོ་ལས་གླིང་ཁུལ།མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱི་འགན་ཁུར་བློ་མཐུན། ཞིང་ཆེན་རྒྱལ་གཉེར་ཁེ་ལས། གཙོ་གནད་ཞིང་ཕྱུགས་དང་།བཟོ་ལས། ཚོང་གཉེར་ཁེ་ལས།མི་སྒེར་གྱི་ཚོང་བ།ཚོང་གཉེར་མཐུན་ཚོགས་ཀྱི་འགན་ཁུར་བ་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།