ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྨ་ལྷོ་རྫོང་གིས་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་འབྲེལ་འདྲིས་འགལ་རྐྱེན་བསལ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་ཆེད། བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་མ་ལོན་པའི་ལས་བྱེད་པར་《རྨ་ལྷོ་ཁུལ་གྱི་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི“ཁྱབ་གདལ་གཅིག”གམ་རྒྱུན་སྤྱོད་ཀློག་དེབ》ཀྱི་སློབ་དེབ265མངགས་ཉོ་བྱས་པ་རེད། སློབ་དེབ་འདིར་བོད་རྒྱ་སྐད་གཉིས་ཀྱི་སྒྲ་གདངས་ཕན་ཚུན་བསྒྱུར་རྒྱུ་ཁྱད་ཆོས་སུ་བྱས་ནས། སྐད་གཉིས་ཀློག་འདོན་དང་གནས་སྐབས་གླེང་མོལ་ལ་རྒྱབ་སྐྱོར་བྱེད་པ་དང་། ནང་དོན་ལ་རྨང་གཞིའི་ཐ་སྙད་དང་གཞི་རིམ་ཏང་འཛུགས་སྐྱོང་། གནད་སྨིན་དབུལ་སྐྱོར། མི་རིགས་མཐུན་སྒྲིལ། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་སྐད་གདངས་ཀྱི་ཐ་སྙད་དང་ལས་ཀའི་རྣམ་པ་སོགས་ཁྱོན8000ལྷག་ཡོད། རྟོག་བཟོའི་གླེང་མོལ་གྱི་སློབ་སྦྱོང་ཁོར་ཡུག་བརྒྱུད་སློབ་དེབ་ཀྱིས་སྐད་ཆ་ཤོད་དུ་བཅུག་ནས་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། རྫོང་དེས་བོད་རྒྱ་སྐད་ཡིག་གི་ཧེ་བག་ཅན་གྱི་གསོ་སྦྱོང་དེ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། བོད་རྒྱ་སྐད་གཉིས་སློབ་སྦྱོང་དང་གསོ་སྦྱོང་བྱེད་སྒོ་དེ་རྫོང་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད་ནང་བཅུག་ནས“གཅིག་གཏད་གཅིག”གི་ཆ་སྒྲིག་སློབ་རོགས་དང་། “ལག་ལེན་དང་ཕན་ཚུན་སྐུལ་འདེད”ཀྱི་བྱེད་སྟངས་སྤྱད་དེ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས15བཀོད་སྒྲིག་བྱས་པ་དང་། མི་ཐེངས་650ལྷག་གསོ་སྦྱོང་ནང་ཞུགས། ལས་བྱེད་པས་སྐད་གཉིས་ཁོང་དུ་ཆུད་རྒྱུར་སྐུལ་འདེད་བཏང་བ་དང་། ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་དང་མང་ཚོགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་ཀྱི་མཐའ་མའི་སྤྱི་ལེ་གཅིག་འབྲེལ་མཐུད་ཀྱི“སེམས་འབྲེལ་ཟམ་པ”བཙུགས་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
རྨ་ལྷོ་རྫོང་གིས“སྨྱུ་གུ་གཅིག”ལ་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་ཚོའི“སེམས་སྦྲེལ་ཟམ་པ”བཙུགས་པ