དཔའ་ལུང་རྫོང་གིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མཐོ་ས་གསར་པ་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་གི་ཏང་ནན་གྱིས་སྐྱོང་བའི་སློབ་གསོའི་རྟེན་གཞི་ནས་མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཡོན་ལས་བྱེད་པ20ལྷག་གིས་རྟེན་གཞི་རུ་སློབ་གསོ་དང་ལེན་བྱེད་བཞིན་པ་མཐོང་། ཤེས་རྟོགས་བྱུང་བ་ལྟར་ན། སློབ་གསོའི་རྟེན་གཞི་དེ་བཙུགས་པ་ནས་བཟུང་ས་གནས་དེ་གའི་ཏང་གི་གནས་ཚུལ་དངོས་ལ་དམ་པོར་དམིགས་ནས“སྤྱོད་གཙང་གཞུང་དྲང་གི་དཔའ་ལུང”འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། 

     ཤེས་རྟོགས་བྱུང་བ་ལྟར་ན། ཏང་ཡོན་ལས་བྱེད་པ་གསོ་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ཏང་གཤིས་སློབ་གསོ་དང་སྒྲིག་ཁྲིམས་སློབ་གསོ། ཆབ་སྲིད་དང་ཀུན་སྤྱོད་སློབ་གསོ། ཁྱིམ་སྲོལ་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྲོལ་རྒྱུན་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱ་ཆེད། 2018ལོར་དཔའ་ལུང་རྫོང་གིས་མ་དངུལ་སྒོར་ཁྲི200ལྷག་བཏང་ནས་རྫོང་ཨུའི་ཏང་གི་སློབ་གྲྭར་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་སློབ་གསོའི་རྟེན་གཞི་བསྐྲུན་པ་རེད། །

 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།