ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་འགག་སྒྲོལ་བྱས་ཚུན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་“ནད་ཕོོག་ན་སྨན་ཁང་དུ་འགྲོ་ཐུབ་པ་དང་། ནད་ལ་སྨན་བཅོས་བྱེད་ཐུབ་པ། ནད་ལ་སྨན་བཅོས་བཟང་པོ་བྱེད་ཐུབ་པ། ནད་གཞི་ཉུང་ཙམ་ཕོག་པ”བཅས་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་ཏེ་ཕྱོགས་བསྡུས་ཇུས་འདོན་དང་། གནད་སྨིན་སྐུལ་འདེད། དོན་འཁྱོལ་དམ་འཛིན་བཅས་བྱས་པས། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་ཁྲི53.9ཡི་ཁྲོད་ནད་གཞིའི་རྐྱེན་པས་དབུལ་པོ་དང་དབུལ་པོ་བསྐྱར་ལོག་གི་མི་འབོར་ཁྲི7.8ཚང་མ་དབུལ་ཐར་བྱས། ཟླ10པའི་ཚེས31ཉིན་བར་ཞིང་ཆེན་ཡོངས་ཀྱི་ནད་གཞི་དྲག་པོ་རིགས35ཡི་ནད་པ་དབུལ་པོ་ཁྲི2.33ལ་སྐྱོབ་བཅོས་བྱས་ཚད100%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་ནད་པ་དབུལ་པོ་ཁྲི5.45ཡི་ནད་པ་དབུལ་པོ་ཁྲི5.45ལ་མིང་རྟགས་བཀོད་དེ་གན་རྒྱ་ལག་བསྟར་བྱས་ཚད99.7%ཟིན་ཡོད། ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་སྨན་ཁང་དུ་ཞག་སྡོད་བྱེད་པའི་སྨན་བཅོས་འགྲོ་གྲོན་སྲིད་ཇུས་ཁྱབ་ཁོངས་ནང་གི་ནད་གཞི་དྲག་པོའི་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་སྒོར5000ནས་སྒོར3000བར་ཆག་པ་དང་། དོན་དངོས་སུ་སྙན་སེང་ཞུ་བའི་བསྡུར་ཚད91.28%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང437གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་འཛུགས་སྐྲུན་བྱས་ལ། ཁྱབ་ཚད100%ཟིན་པ་དང་སྲིད་འཛིན་གྲོང་ཚོ་ཚང་མར་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་ཁྱོན་ཡོངས་ནས་འཛུགས་བསྐྲུན་བྱས་པ་རེད། འདི་ནི་ཟླ11པའི་ཚེས23ཉིན་གསར་འགོད་པས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི(ཞིང་ཆེན་ཐད་གཏོགས་ཀྱི་རེས་སྐོར་གཉིས་པ)འཕྲོད་བསྟེན་བདེ་ཐང་སྡེ་ཁག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་ཐར་འགག་སྒྲོལ་བྱས་ཚུན། རང་རེའི་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར32.49དོན་འཁྱོལ་བྱས་པ་དང་། དབུལ་ཕོངས་རྫོང་(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན་)42ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས། ལོ་ལྟར་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། གྲོང་ཚོའི་འཕྲོད་བསྟེན་ཁང་དོ་དམ་དང་ལག་རྩལ་མི་སྣ2544གསོ་སྦྱོང་བྱས་ལ། ད་ལོའི་ཟླ་དང་པོ་ནས་བཟུང་བོད་སྨན་སྣ་ཁ98ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་བཅུག་ཅིང་། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་དང་གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྒྲིག་གཞི་དང་། མི་སྣ། ཞབས་ཞུའི་ནུས་པ་བཅས་ཚང་མ་རང་ཞིང་གི་དབུལ་ཕོངས་མི་འབོར་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་བྱེད་པའི་བྱ་བའི་ཚད་གཞིར་སླེབས་ཡོད།
ཞིང་ཆེན་ཕྱི་ནང་གི་ཁ་གཏད་རོགས་སྐྱོར་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་སྨན་ཁང116གིས་ཞིང་ཆེན་ཡོངས་ཀྱི་ཁུལ་88དང་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བཀོད་སྒྲིག་བྱས། མཚོ་སྔོན་ལ་ཁ་གཏད་ནས་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། སྡེ་ཁག་བཅས་ལ་རིམ་རྩིས་བྱས་ན་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར14ལྷག་ཙམ་བཏང་བ་དང་། སྔ་རྗེས་སུ་སྣེ་ཁྲིད་ཤེས་ལྡན་མི་སྣ50དང་ལག་རྩལ་རྐང་འཛིན་པ1500ལྷག་ཙམ་བདམས་ནས་རོགས་སྐྱོར་བྱས་པ་དང་ལས་སྒོ་གསར་པ་དང་ལག་རྩལ་གསར་པ320ལྷག་ཙམ་ཁྱབ་གདལ་དུ་བཏང་། ཧུར་ཐག་གིས་མཚོ་སྔོན་ལྷོ་རྒྱུད་ཀྱི་རོགས་སྐྱོར་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང12ཀྱི་ཆེད་ལས་ལག་རྩལ་མི་སྣ183བཀོད་སྒྲིག་བྱས་ནས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཁུལ་རིམ་པ7དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང14ལ་ཚོགས་པས་རོགས་སྐྱོར་བྱས་པ་དང་དུས་མཚུངས་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་མ་ལག་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་ཚང་མར་ཁྱབ་པར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་གཏོང་ལ་སྐུལ་འདེད་བཏང་ནས་མང་ཚོགས་དབུལ་པོའི་ནད་ལ་བལྟ་དཀའ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་བ་རེད།
ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལག་ལེན་དུ་བསྟར་བས། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་མི་ཐེངས་ཁྲི500ལ་བརྟག་དཔྱད་བྱས་པ་དང་ཐུམ་འབུའི་ནད་ཕོག་པའི་ནད་པ་ཁྲི1.4ལྷག་ཙམ་ལ་བརྟག་དཔྱད་བྱས། སྨན་རིན་མི་དགོས་པར་མི་ཐེངས་ཁྲི1.8ལ་སྨན་བཅོས་བྱས་པ་དང་ནད་པ2800ལྷག་ཙམ་ལ་གཤགས་བཅོས་བྱས། ད་ལོར་རང་འདོད་ལྟར་གཤག་བཅོས་བྱེད་འདོད་མཁན་ལ་གཤགས་བཅོས་བྱས་པ་དང་། གཤགས་བཅོས་བྱེད་པར་འཚམ་པའི་ནད་པར་ཡོངས་རྫོགས་ལ་གཤགས་བཅོས་བྱས། མིག་སྔར་གཤགས་བཅོས་ཁག682བྱས་པ་དང་ཡིག་ཚགས་གཱ་བཟོས་པའི་ཐུམ་འབུའི་ནད་ཕོག་པའི་ནད་པ་དབུལ་པོ1623ཚང་མ་སྨན་བཅོས་བྱས་པ་དང་འབྲེལ་དབུལ་ཐར་བྱུང་ཡོད། རིམ་རྩིས་བྱས་ན་འདུས་འདྲིལ་གཅོང་ནད་ཕོག་པའི་ནད་པ་ཁྲི5ལ་རིན་མེད་བརྟག་དཔྱད་བྱས་ཤིང་། གློ་བའི་འདུས་འདྲིལ་ནད་འབྱུང་ཚད་ལོ་རེ་བཞིན་མར་ཆག་པ་དང་། གློ་བའི་འདུས་འདྲིལ་ནད་བྱུང་བའི་ནད་པ་དབུལ་པོ1818ཚང་མ་སྐྱོབ་བཅོས་བྱས། དབུལ་ཕོངས་ས་ཁུལ་གྱི་བུད་མེད་ཀྱི་“སྐྲན་ནད་གཉིས་”ལ་རིན་མེད་བརྟག་དཔྱད་དང་། བྱིས་པའི་འཚོ་བཅུད་ལེགས་བཅོས། ཕྲུ་གུ་དམར་འབྱར་གྱི་ནད་གཞི་བརྟག་དཔྱད་སོགས་ཀྱི་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས། མང་ཚོགས་མི་ཐེངས་ཁྲི170ལྷག་ཙམ་ལ་ཕན་འབྲས་བཟང་པོ་ཐོབ་ཡོད།
བདེ་ཐང་སློབ་གསོའི“སྐྱོད་པ་བཞིའི”བྱེད་སྒོ་(ཞིང་འབྲོག་ཁུལ་དུ་སྐྱོད་པ་དང་། ཁྱིམ་ཚང་དུ་སྐྱོད་པ། སློབ་གྲྭར་སྐྱོད་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་པ་བཅས)ལག་བསྟར་བྱས་ཏེ། བདེ་ཐང་སློབ་གསོ་ལེ་དབར་ཁྲིར་སྐྱོད་པའི་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་ནས་མི་ཚོགས་མི་ཐེངས་ཁྲི110ཙམ་ལ་ཁྱབ་ཡོད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་གཱ་བཟོས་བའི་ནད་ཀྱི་དབང་གིས་དབུལ་པོར་གྱུར་བའི་དབུལ་པོ་བསྐྱར་ལོག་གི་མི་འབོར་ཚང་མ་དབུལ་ཐར་བྱུང་།