མཚོ་སྔོན་གྱི་ཚགས་བཟོས་བྱང་བུའི་དབུལ་བོ་ཚང་མ་དབུལ་ཐར་བྱུང་།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་མཁྲེགས་གཏོར་བྱས་པའི་རིང་ལ། རང་ཞིང་གི་རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ནད་སྟོན་ཐུབ་པ་དང་།ནད་ལ་ལྟ་ཐུབ་པ།ནད་བཅོས་ལེགས་པོ་བྱེད་ཐུབ་པ།ནད་ཉུང་ཕོག་གི་དམིགས་འབེན་དང་དམ་དུ་འབྲེལ་ཏེ།ཕྱོགས་བསྡུས་ལག་བསྟར་དང་།གནད་འཁེལ་སྐུལ་འདེད། དོན་འཁྱོལ་ནན་འཛིན་བཅས་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་ཚགས་བཟོས་བྱང་བུའི་དབུལ་ཕོངས་མི་གྲངས་ཁྲོད་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་མི་གྲངས་ཁྲི་7.8ཚང་མ་དབུལ་ཐར་བྱུང་།ཟླ10བའི་ཚེས31ཉིན་བར།ཞིང་ཆེན་ཡོངས་ཀྱི་ནད་རིགས་ཆེ་གྲས་35བྱུང་བའི་ནད་པ་ཁྲི་2.33ལས།སྨན་བཅོས་བྱས་ཚད་བརྒྱ་ཆའི100ལ་སླེབས་ཤིང་།ཞིང་ཆེན་ཡོངས་ཀྱི་ནད་ཅུང་ཡང་བའི་དབུལ་ཕོངས་ནད་པ་ཁྲི5.45ཡོད་ཅིང་།རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཞག་སྡོད་སྨན་བཅོས་འགྲོ་གྲོན་སྲིད་ཇུས་ཁྱབ་ཁོངས་ཀྱི་ནད་རིགས་ཆེ་གྲས་ཉེན་སྲུང་དེ་སྒོར5000ནས་སྒོར་3000དམའ་རུ་སོང་ཞིང་།དོན་དངོས་ཀྱིས་འགྲོ་གྲོན་རྩིས་སྤྲོད་བསྡུར་ཚད་བརྒྱ་ཆའི91.28ལ་སླེབས་ཡོད།ཞིང་ཆེན་ཡོངས་ཀྱི་མཁར་སྡེའི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་437གྱི་འཛུགས་སྐྲུན་ཁྲོད་གསོ་རིག་ཁང་དང་། ཁེབས་ཚད་བརྒྱ་ཆའི་100ལ་སླེབས་ཤིང་།སྲིད་འཛིན་སྡེ་བ་ཡོངས་སུ་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་གྱི་ཚགས་བཟོས་བྱང་བུའི་དབུལ་བོ་ཚང་མ་དབུལ་ཐར་བྱུང་།