མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།


ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་།ཏང་ཙུའུ་ཧྲུའུ་ཅི་གཞོན་པ།ཀྲུའུ་རིན་གཞོན་པ་མཱ་བའེ།ཀའོ་ཧྭ།ཀྲུའུ་རིན་གཞོན་པ་བུའུ་ཧའེ་ཁུན།ལིའུ་ཐུང་ཏི་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་ཀྱིས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་ཟླ11པའི་ཚེས30ཉིན་ནས་ཟླ12པའི་ཚེས2བར་ཉིན་ཟི་ལིང་དུ་བསྡུ་རྒྱུ་ཐག་བཅད། 

གྲོས་ཚོགས་ཀྱིས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་མཐོ་སྒང་གི་མཛེས་པའི་གྲོང་རྡལ་འཛུགས་སྐྲུན་སྲོལ་ཡིག་འཆར་ཟིན་བཟོ་བཅོས་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གྲ་སྒྲིག་ཞིབ་བཤེར་སྲོལ་ཡིག་བཟོ་བཅོས་འཆར་ཟིན། སྤྱི་བའི་བརྡ་འཕྲིན་སྲོལ་ཡིག་འཆར་ཟིན། བྱི་ནད་འགོག་བཅོས་ཚོད་འཛིན་སྲོལ་ཡིག་འཆར་ཟིན། ཆོས་ལུགས་ལས་དོན་སྲོལ་ཡིག་འཆར་ཟིན། དུག་འགོག་སྲོལ་ཡིག་འཆར་ཟིན།རྒྱལ་ཁོངས་ས་ཁོངས་དང་ཁང་བ་བསྡུ་ལེན་དང་ཁ་གསབ་སྲོལ་ཡིག་འཆར་ཟིན།མཚོ་ཤར་གྲོང་ཁྱེར་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་སྲོལ་ཡིག་སོགས་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གཤིས་འབག་བཙོག་འགོག་བཅོས་ལག་བསྟར་གནས་ཚུལ་སྐོར་གྱི་ཞིབ་བཤེར་ལ་གྲོས་ཞིབ་དང་། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བའི་འཐུས་མིའི་བསམ་འཆར་སྐྱོན་བརྗོད་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བའི་འཐུས་མིའི་བསམ་འཆར་བསྒྲུབས་པའི་གནས་ཚུལ་ལ་ལྟ་སྐུལ་ལས་སྒྲུབ་བྱས་ཤིང་། དེ་མིན་འཐུས་མི་སྐོར་ཞིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་།ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པའི་ཐག་གཅོད་འཆར་ཟིན་དང་འབྲེལ་ཡོད་མི་དོན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས།། 

     

    

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།