ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དང་མཉམ་དུ། མཉམ་འགུལ་གྱི་ནུས་པ་འདོན་སྤེལ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་ཚུན་ནས་མ་དངུལ་འཇོག་པ་དང་། ཆེད་དམིགས་བུན་འཛིན་བརྩོན་ལེན་བྱེད་པ། དམངས་ཁྲོད་ནས་མ་དངུལ་འཇོག་པར་སྐུལ་སློང་བྱེད་པ། དངུལ་ཁང་གི་མ་དངུལ་འཁོར་སྐྱོད་མཐུན་སྦྱོར་བྱེད་པ་སོགས་ཀྱི་མ་དངུལ་ཐབས་ལམ་ལ་བརྟེན་ནས། ཇུས་གཞི་འགོད་པ་དང་། ཆེད་དོན་འཛིན་གྲྭ་འཛུགས་པ། ལམ་ལུགས་གཏན་ཁེལ་བྱེད་པ། ཆེད་མཁས་པ་གདན་འདྲེན་ཞུ་བ། ལས་སྟེགས་སྐྲུན་པ་བཅས་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་རྣམ་གྲངས་གལ་ཆེན་ཁག་གཅིག་འཆར་འགོད་དང་གསོག་འཇོག་བྱས་ཏེ། རྒྱལ་ཁབ་ཀྱིས་ནུས་ལྡན་མ་འཇོག་རྒྱ་བསྐྱེད་དུ་གཏོང་བ་དང་སྲིད་ཇུས་དོན་འཁྱོལ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྣམ་གྲངས་གསོག་འཇོག་བྱེད་པར་རྨང་གཞི་བརྟན་དུ་བཏང་ཡོད།
ནུས་ལྡན་མ་འཇོག་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས་མཉམ་ཤུགས་གཅིག་སྒྲིལ་གྱིས“བརྟན་སྲུང་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་རྒྱང་རིང་གི་དམིགས་འབེན་ལས་འགན་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་ཁ་ཕྱོགས་གལ་ཆེན་དང་། གནད་འགག་ཆེ་བའི་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་དམིགས་ནས། སྲིད་ཇུས་གསར་པ་དང་། དུས་བབ་གསར་པ། ལས་རྣམ་གསར་པ་བཅས་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”དང་། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་དང་། “དཔལ་འབྱོར་རིགས་བཞི”གསོ་སྐྱོང་། “གསར་པ་གཉིས་དང་ལྕི་བ་གཅིག”སོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དང་མཉམ་དུ་རྣམ་གྲངས་གལ་ཆེན་འདི་འཆར་འགོད་དང་གསོག་འཇོག་བྱས།
མིག་སྔའི་བར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན་བཅས་དང་དེ་བཞིན་ཆུ་བེད་དང་། འགྲིམ་འགྲུལ། ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས7དུ་ཁག་དང་པོའི་ཞིང་ཆེན་རིམ་པའི་རྣམ་གྲངས་གལ་ཆེན239ཇུས་འགོད་དང་གསོག་འཇོག་བྱས་པ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་གསོག་འཇོག་རྣམ་གྲངས་སྐོར་དང་པོ་མཛོད་ནང་དུ་བཅུག་པ།