མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཀྲུང་ལིང་ཤང་གི་དབུལ་སྐྱོར་དུད་ཚང15ལ་རིན་མེེད་ནད་བརྟག་སྨན་བཅོས་བྱ་རྒྱུ་བརྩོན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ནི་ང་ཚོའི་དབུལ་སྐྱོར་འབྲེལ་གཏུག་ལས་ཁུངས་ཡིན། དབུལ་སྐྱོར་ལས་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་ནས་ཧུར་ཐག་གིས་ང་ཚོའི་བགྲེས་སོང་རྒན་རྒོན་ཚོར་རིན་མེད་པར་ནད་ལ་བལྟ་རུ་འཇུག་རྒྱུར་མཐུན་སྦྱོར་བྱས་ཡོད།” ཟླ11པའི་ཚེས14ཉིན་ལི་ཏུའུ་ཆུས་ཀྲུང་ལིང་ཤང་ཀན་ཀོའུ་ནའོ་གྲོང་ཚོའི་ཚགས་འཛུགས་བྱང་སྒྲིག་གི་དུད་ཚང་ལི་ཧྥུང་མེ་ཡིས་ཟི་ལིང་ཧེང་ཨན་རུས་ནད་སྨན་ཁང་དུ་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད། 

ཉེ་བའི་ལོ་འགའི་རིང་། ཟི་ལིང་ཧེང་ཨན་རུས་ནད་སྨན་ཁང་གིས་གོང་རིམ་གྱི་བླང་བྱ་ལྟར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་ཚགས་འཛུགས་བྱང་སྒྲིག་གི་དུད་ཚང་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། རིམ་པ་དང་པོ་དང་གཉིས་པའི་དབང་པོ་སྐྱོན་ཅན་ནད་པར་དུས་ཡུན་རིང་པོའི་ནང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ནས་ནད་པར་སྙིང་ཉེ་ལ་ཞིབ་ཚགས་པའི་ཞབས་འདེགས་ཞུས་ཡོད། ཐེངས་འདིར་ལི་ཏུའུ་ཆུས་ཀྲུང་ལིང་ཤང་གི་ནད་པ་དབུལ་པོ15ཡི་སྨན་རིན་ཚང་མ་ཆག་ཡང་བཏང་བ་མ་ཟད། ཁོ་ཚོར་ཟ་མ་ཞིམ་པོ་གྲ་སྒྲིག་བྱས་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ10པར་རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་དུ་བདེ་ཐང་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་པ་དང་། ཀྲུང་ལིང་ཤང་དུ་བཅའ་སྡོད་བྱས་པའི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དབུལ་སྐྱོར་ལས་དོན་རུ་ཁག་གིས་རང་འགུལ་ངང་བརྩོན་ལེན་དང་མཐུན་སྦྱོར་ཧུར་ཐག ཕྱོགས་མང་འབྲེལ་གཏུག་བཅས་བྱས་པ་བརྒྱུད་ཟླ11པའི་ཚེས10ཉིན་ཀྲུང་ལིང་ཤང་གི་ཚགས་འཛུགས་བྱང་སྒྲིག་གི་དུད་ཚང་དབུལ་པོའི་ནད་པ15དེ་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་མི་ཚོགས་ཁག་དང་པོར་གྱུར། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།