མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ཕན་འབྲས་ལ་ཕྱོགས་གསུམ་པས་དཔྱད་དཔོག་ལས་དོན་སྤེལ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ཆེད། རང་ཞིང་གི“ལོ་ལྔ་ཚན་བཅུ་གསུམ་པའི”ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས། ཟླ11པའི་ཚེས16ཉིན།  ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཟི་ལིང་གྲོང་ཁྱེར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཕན་འབྲས་ཕྱོགས་གསུམ་པས་དཔྱད་དཔོག་བྱེད་མགོ་བརྩམས།

ད་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”ཐུམ་འབུའི་ནད་འགོག་བཅོས་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ཞིང་། ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་དེ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འབྱུང་རྩ་དང་རྨང་གཞིར་གྱུར་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཕྱུགས་ཟོག་གི་ཐུམ་འབུའི་ནད་ཀྱི་མཐའ་མའི་ཚོད་སྐོར་ལས་དོན་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་གྱི་དཔྱད་དཔོག་མགོ་ཁྲིད་ཚན་ཆུང་བཙུགས་ཤིང་། ཞིབ་ཕྲའི་ཞིབ་འཇུག་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་མཐའ་མའི་དཔྱད་དཔོག་ཇུས་གཞི》བཟོས་པ་རེད། ཚན་རིག་དང་མཐུན་ཞིང་། དོན་དངོས་དང་མཐུན་པ། གཞུང་དྲང་། དྲང་བདེན་བཅས་ཀྱི་སྒོ་ནས་འགོག་བཅོས་ལས་དོན་གྱི་ཕན་འབྲས་ལ་དཔྱད་དཔོག་བྱེད་ཆེད། ད་ཐེངས་ཀྱི་དཔྱད་དཔོག་ལས་དོན་གྱི་མགོ་འཛུགས་གསོ་སྦྱོང་དང་། ཡུལ་དངོས་ཚོད་སྐོར། ཆེད་མཁས་པའི་བཞུགས་མོལ་དང་དཔྱད་དཔོག་ཕྱོགས་སྡོམ་བཅས་དུས་མཚམས་བཞིར་དབྱེ་ཡོད། 《རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་སོགས་གཞན་བརྟེན་སྲིན་འབུའི་ནད་གཙོ་བོ་འགོག་བཅོས་འཆར་འགོད(2016ལོ་ནས2020ལོའི་བར)》དང《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་འཆར་གཞི(2016ལོ་ནས2020ལོའི་བར)》གྱི་འགོག་བཅོས་དམིགས་ཚད་དང་ལས་འགན་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དང་ཐུམ་འབུའི་ནད་འགོག་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས། འགོག་བཅོས་ཐབས་ཇུས་ལེགས་འགྱུར་དང“ལོ་ལྔ་ཚན་བཅུ་བཞི་པའི་”དུས་རིམ་གྱི་འགོག་བཅོས་འཆར་འགོད་གཏན་འབེབས་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།