​ལྕགས་རྟ་སེར་པོ་མཐོ་སྒང་གྲོང་རྡལ་དུ་ཐོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་།མགྱོགས་མྱུར་སྒོས་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་བྱ་བར་སྐུལ་འདེད་གཏོང་ཆེད།རྨ་ཆེན་རྫོང་གིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཆེ་རུ་གཏོང་བའི་དུས་མཚུངས་སུ། མཁར་གྲོང་འཕེལ་རྒྱས་ཀྱི་ཁ་ཕྱོགས་བློ་གྲོས་ཅན་དུ་ཕྱོགས། ཉེ་ཆར།རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱིས་རྒྱལ་ནང་གི་རིག་ནུས་གློག་སྒུལ་ལྕགས་རྟ360ནང་འདྲེན་བྱས་ཏེ།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཐོག་མར་རིག་ནུས་ལྕགས་རྟ་བེད་སྤྱོད་ས་ཁུལ་ཐོག་མར་གྱུར། 

རྒྱུས་ལོན་པ་ལྟར་ན།ཐེངས་འདིར་ནང་འདྲེེན་བྱས་པའི་གློག་སྒུལ་རླངས་འཁོར་ནི2019ལོར་ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་འཁོར་རྒྱུག་བྱས་རྗེས་ཀྱི་བཙོག་མེད་ཁོར་སྲུང་དང་།རིག་ནུས་བེད་སྤྱོད་ཀྱི་འཕེལ་རྒྱས་འཆར་འགོད་ལྟར། སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་།བཙོག་མེད་དང་ནུས་ཁུངས་གྲོན་ཆུང་། ཁོར་སྲུང་བཅས་གཙིགས་སུ་འཛིན་པའི་བྱེད་ཐབས་ཤིག་ཡིན་པ་རེད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།