གཅན་ཚའི་དབང་བོ་སྐྱོན་ཅན་ལྟེ་གནས་ཀྱིས་དམངས་ལ་དྲོད་ཁོལ་སྦྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ11པའི་ཚེས17ཉིན་གྱི་སྔ་དྲོར།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་གསར་སྐྲུན་བྱས་པའི་དབང་བོ་སྐྱོན་ཅན་ལྟེ་གནས་སུ།ལས་སྒྲུབ་པས་དབང་བོ་སྐྱོན་ཅན་ལ་ཁྲག་ཤེད་ཚད་འཇལ་བྱེད་བཞིན་ཡོད་པ་དང་།ཁོ་ཚོའི་ཉིན་རྒྱུན་གྱི་ལུས་ཕུང་གནས་ཚུལ་བློ་འདྲི་བྱེད་བཞིན་ཡོད། དབང་བོ་སྐྱོན་ཅན་ལྟེ་གནས་ནི་དབང་བོ་སྐྱོན་ཅན་ལ་ཁམས་གསོ་དང་།བདེ་སྲུང་ཞབས་ཞུ་བྱེད་པའི་ཞབས་ཞུ་སྡེ་ཁག་ཅིག་ཡིན་ཞིང་།དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་རྒྱུན་ལྡན་གྱི་རྩོལ་ཤུགས་བཅིངས་འགྲོལ་ཆེད་དུ་ཆ་རྐྱེན་བསྐྲུན།

གཅན་ཚ་རྫོང་མཁར་དུ་སྡོད་པའི་རིན་ཆེན་འཚོ་ད་ལོ་ལོ་ན50ཡིན་ཞིང་། རྐང་ལག་ལ་དབང་སྐྱོན་ཤོར་ཡོད་ཅིང་།ཁེར་འདུག་བྱས་ཡོད་པའི་ཁོ་མོས་དབང་བོ་སྐྱོན་ཅན་གྱི་ཉིན་རེའི་ཞབས་ཞུ་བྱེད་ས་ཡོད་པ་ཐོས་ནས། ཁོམ་ལོང་གི་དུས་སྐབས་སུ་ཁོ་མོས་རོལ་རྩེད་ཁང་དུ་མི་གཞན་དང་གླུ་ལེན་རོལ་རྩེད་བྱེད་པར་དགའ།

སྤྱི་ཚོགས་ལས་སྒྲུབ་པ་དང་ཁམས་གསོ་དགེ་རྒན་གྱི་ཆེད་ལས་རོགས་རམ་འོག  དབང་བོ་སྐྱོན་ཅན་ཚོས་རང་གི་འཚོ་བར་བདག་སྐྱོང་བྱེད་ཤེས་སོང་། སྔོན་ཆད་དབང་བོ་སྐྱོན་ཅན་གྱི་མ་མཐའི་འཚོ་བར་རོགས་སྐྱོར་གཙོ་བོ་བྱེད་བཞིན་ཡོད་ཅིང་།གཅན་ཚ་རྫོང་དབང་བོ་སྐྱོན་ཅན་ཞབས་ཞུ་ལྟེ་གནས་གསར་དུ་ཚུགས་པ་དེས། དབང་བོ་སྐྱོན་ཅན་ལ་ཁམས་གསོ་སྨན་བཅོས་དང་།ཕྱོགས་གཅིག་ནས་ཁམས་གཡེང་དང་།ཕྱོགས་གཞན་ཞིག་ནས་རྩལ་ནུས་སྦྱངས་ཏེ་ཡོང་སྒོ་འཚོལ་བའི་ཐབས་ལམ་ཞིག་བཏོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།