མཚོ་བོད་དམག་ཚིགས་པུའུ་ཡི་ཡིག་ཚགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་དམག་ཚིགས་པུའུ་ནི་སྤྱི་ལོ1954ལོར་མཐོ་སྒང་དུ་ལས་གནས་ཚུགས་པའི་རིང་ལ། གཙོ་བོ་བོད་ལྗོངས་སུ་སྡོད་པའི་དམག་དཔུང་གི་དངོས་རྫས་སྐྱེལ་འདྲེན་དང་།བོད་ལྗོངས་དམག་དཔུང་ས་ཚིགས་ཀྱི་སྣུམ་རིགས་སྐྱེལ་འདྲེན་དང་ལྷོ་ནུབ་མཐའ་མཚམས་ཀྱི་འཕྲིན་གཏོང་ལས་འགན་འགན་སྲུང་གི་འགན་ཁུར་ཡོད།སྤྱི་ལོ1990ལོའི་ཟླ7པར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་བོད་མཐོ་སྒང་གི་དཔེ་སྟོན་དམག་ཚིགས་ཀྱི་མཚན་སྙན་གནང་ཞིང་།ཐེངས་མང་པོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང་དང་།རྒྱལ་ཡོངས་དམངས་དམག་མཉམ་སྐྲུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྔོན་ཐོན་ལས་ཁུངས།དེ་མིན་སྲིད་བཀུར་དམངས་གཅེས་ཀྱི་དཔེ་སྟོན་ལས་ཁུངས་དང་།ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲོད་ཞུགས་པའི་དམག་དཔུང་རོགས་སྐྱོར་སྔོན་ཐོན་ལས་ཁུངས་བཅས་ཀྱི་གཟེངས་རྟགས་གནང་བ་དང་།སྔ་གཞུག་ཏུ་ཕུགས་འདུན་ཡོད་པ་དང་མཐོ་སྒང་ལ་གཅེས་པའི་ཕུལ་བྱུང་འཐབ་མོ་བ་ཁུང་ཀྲི་དབྱི་སོགས་ལས་ཁུངས་བཅུ་དྲུག་དང་།དཔོན་དམག་ལྔ་ལ་མཚན་སྙན་གནང་།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།